[A:113]རིང་བསྲེལ་འཕེལ་གདུང་བསམ་གྱིས་མི་ཁྱབ་པ་བྱོན། མདོར་ན་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་མཁན་པོ་སང་འོད་པས་མཛད་པའི་རྣམ་ཐར་ལས་ཤེས་པར་བྱའོ། །དེའི་རྗེས་སུ་ལྷ་ཟུར་ཁང་པ་རྟིང་མ་ནི་བླ་མ་ལྷ་རིན་པོ་ཆེ་དང་། མཁན་ཆེན་སང་འོད་པ་ལས་རབ་ཏུ་བྱུང་། སྐུ་སྐྱེ་བ་དྲན་པ་ལ་སོགས་པ་ཡོན་ཏན་དུ་མ་མངའ་བ།ལྷ་རིན་ཆེན་སེང་གེས་ཚོགས་པ་བསྐྱང་ས། དེའི་རྗེས་སུ་ད་ལྟའི་བླ་མ་ལྷ་རིན་པོ་ཆེ་ཤཱཀྱ་བསོད་ནམས་ནི་ཁ་ཆེ་པཎ་ཆེན་ནས་སྡོམ་རྒྱུན་རྣམ་པར་དག་པ། མཁན་ཆེན་བསོད་ནམས་ཤེས་རབ་ལས་རབ་ཏུ་བྱུང་ཞིང་། བསྙེན་པར་རྗོགས་ནས་སྤྱིལ་བུའི་གདན་སར་བཞུགས་པའོ།།དགེ་བཤེས་ཆེན་པོ་ཞང་ཤ་ར་བའི་སློབ་མ། དགེ་བའི་བཤེས་གཉེན་ཆོས་ལུང་སྐུ་གཤེགས་སུ་གྲགས་པ་དེ་ནི། གདུང་རུས་གཏུམ།འཁྲུངས་ས་ནི་སྒོ་ལྔའི་ལྕགས་མཁར། མཚན་དངོས་བློ་གྲོས་གྲགས་བྱ་བ་ཡིན་ཏེ། འདིས་སྣར་ཐང་བཏབ་པའི་ལོ་རྒྱུས་ནི། སྣར་གྱི་མདའི་ཐང་སྟོང་དེ་ལ་ནེ་སེར་བའི་ལོ་ར་གཅིག་ཡོད་སར་སྤྱིལ་བུ་གཅིག་མཛད་ནས། འམ་བུ་འདིར་དགེ་སྦྱོར་བྱེད་པ་ཡིན་གསུངས་ཏེ།ཐོག་མར་ཆུ་མོ་བྱའི་ལོ་ལ་ཕྱག་ཕབ་སྟེ་གཞི་གཙུགས། དགོན་པ་བཏབ་ནས་ལོ་བཅུ་བཞི་བཞུགས་པའི་རྗེས་སུ་ཁོང་རང་གི་སློབ་མ་གདུང་རུས་རྡོ། འཁྲུངས་ཡུལ་སྒོ་ལྔའི་བྱང་རྩར་སྐུ་འཁྲུངས་པ་ཤེས་རབ་གྲགས་བྱ་བ་ལ། ཉིད་ཀྱིས་སྤྱིལ་བུ་འདིའི་ཉ་ར་གྱིས། འགྲོ་དོན་སྐྱོང་གསུངས་ནས་ཁོང་རང་ལ་སྟོད་བྱང་གི་རྟའི་སྡེ་ཆོས་ལུང་དུ་