[A:11]ཞག་ཅེས་བྱའི་ཟས་ཆགས། ཁ་དོག་དམར་སེར་རོ་སྦྲང་རྩི་དང་འདྲ་བ་བྱུང་བ་དེ་ཡི་རྣམས་ཀྱིས་ཟོས་སོ། །དེ་ཡང་ནུབ་པ་དང་། མྱུ་གའི་ཚལ་ཞེས་བྱ་བ་ཟོས་སོ། །དེ་ཡང་ཟད་པ་དང་། མ་རྨོས་པའི་འབྲས་ས་ལུ་དག་བྱུང་བ་དེ་ཡི་རྣམས་ཀྱིས་ཟོས་སོ། །དེ་ནི་ཁམས་ཀྱི་ཟས་རྩུབ་པ་ཡིན་པས། མི་གཙང་བ་འབྱུང་བའི་དབང་པོ་དག་ཀྱང་དོད་དོ། །ཡང་སེམས་ཅན་དེ་དག་མ་རྨོས་པའི་འབྲས་དེ་དག་ནམ་འདོད་པ་ན་བླངས་ཏེ་ཟ་བ་ན། སེམས་ཅན་ལེ་ལོ་ཅནན་འགའ་ཞིག་གིས་ནང་པར་གྱི་སྐལ་བ་དེ་རིང་བླངས་ཏེ་བསགས་པ་དང་། གཞན་དག་གིས་ཀྱང་དེ་བཞིན་དུ་བྱས་པས་མ་རྨོས་པའི་འབྲས་ཀྱང་ཟད་དོ། །དེ་ནས་སོ་ནམ་གྱི་བྱ་བ་ལ་ཞུགས་པ་ན། གཅིག་གིས་བཏབ་པའི་ཞིང་གཞན་གྱིས་བསྡུས་པས་དེ་དག་ཡི་མཐུན་པར་རྩོད་དོ། །དེའི་ཚེ་མི་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་རྒྱལ་པོར་བསྐོས་པ་ན།དེ་སྐྱེ་བོ་མང་པོ་རྣམས་ཀྱིས་བཀུར་བས་མང་པོས་བཀུར་བ་ཞེས་བྱ་བར་གྱུར་ཏོ། །ཡང་རྒྱལ་རབས་མཁན་པོ་འགའ་ཞིག་ཡར་འདོད་ཀྱི་ལྷ་བདུན་ཅེས་ཟེར་བ་ནི། མང་པོས་བཀུར་བའི་ཡབ་ལྷ་ཆེན་པོ། དེའི་ཡབ་ལྷ་རྒྱལ་བ། དེའི་ཡབ་ལྷ་གཟི་ལྡན་བཀྲ་ཤིས། དེའི་ཡབ་དབང་པོ་ལག དེའི་ཡབ་འཁོར་བ་དུང་སྐྱོང་། དེའི་ཡབ་དྲི་མེད་དུང་འཇམ། དེའི་ཡབ་ཤེད་ཅན་ནམ་ཤེད་བུས་ཏེ་བདུན་ནོ་ཞེས་ཟེར། འདི་ལ་ཁུངས་གསལ་བ་མ་མཐོང་ཡང་། དེ་ནི་བསམ་གཏན་བཞི་པའི་གནས་ནས་ཆས་པ་ཡིན་ཟེར་རོ། །མིའི་རྒྱལ་པོ་ལ་སྔ་