[A:12]བ་ཆོས་རྒྱལ་མང་པོས་བཀུར་བ། དེ་དངོས་ཀྱི་བུ་ནི་འོད་མཛེས་སོ། །«འདི་རྣམས་ཤེས་བྱ་རབ་གསལ་ལྟར་བྲིས»དེའི་བུ་ནི་དགེ་བའོ། །དེའི་བུ་ནི་དགེ་མཆོག དེའི་བུ་ནི་གསོ་སྦྱོང་འཕགས་ཏེ། དེ་དག་ལ་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་བྱའོ། །འདིའི་སྐབས་སུ་ཟས་བཞི་ནི་ས་ཡི་བཅུད་ལ་སོགས་ཡིན་ལ། མིང་དྲུག་ཐ་དད་གསུམ་གྱིས་གླེང་བ་རྣམས་ནི་རྒྱས་པར་གཞན་ལས་ཤེས་པར་བྱའོ། །གསོ་སྦྱོང་འཕགས་ཀྱི་བུ་ང་ལ་ནུའོ། དེའི་བུ་ནི་མཛེས་པའོ། །དེའི་བུ་ནི་ཉེར་མཛེས་སོ། །དེའི་བུ་ནི་མཛེས་ཅན་ནོ། །དེའི་བུ་ནི་མཛེས་ལྡན་ཞེས་བྱ་བ་བྱུང་སྟེ། དེ་དག་ལ་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཞེས་བྱའོ། །དེ་རྣམས་ནི་བསྐལ་པ་རྗོགས་ལྡན་ནོ། །དེ་ནས་ཚེ་ལོ་བཞི་ཁྲི་པའི་དུས་སུ། སངས་རྒྱས་འཁོར་བ་འཇིག་རྟེན་དུ་བྱོན་ནོ། །མཛེས་ལྡན་གྱི་བུ་ནོར་བུ་ནས་བུ་རྒྱུད་རིམ་པར་རྒྱལ་རབས་སུམ་ཅུའི་མཐར་ཀུན་ནས་འོད་ཟེར་ཞེས་བྱ་བའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་། དེ་ནས་རྒྱལ་རབས་དུ་མ་ཞིག་འདས་པའི་རྗེས་སུ་ཝ་ར་ན་སིར་འབུམ་ཁྲག་གཅིག་བྱུང་། དེའི་ཚེ་བསྐལ་པ་གསུམ་ལྡན་ཚེ་ལོ་གསུམ་ཁྲི་པ་སངས་རྒྱས་གསེར་ཐུབ་བྱོན་ནོ། །དེ་ནས་རྒྱལ་རབས་དུ་མ་འདས་པའི་རྗེས་སུ་རྒྱལ་པོ་ཀྲི་ཀྲི་བྱུང་སྟེ་བསྐལ་པ་གཉིས་ལྡན་ཚེ་ལོ་ཉི་ཁྲི་པ་སངས་རྒྱས་འོད་སྲུངས་བྱོན་ནོ། །དེ་ནས་ཡུལ་གྲུ་འཛིན་དུ། རྒྱལ་པོ་བརྒྱ་ཐམ་པའི་མཐའ་མ་རྒྱལ་པོ་རྣ་བ་ཅན། དེ་ལ་བུ་གཉིས་ཡོད་པའི་གོའུ་ཏ་མ་རབ་ཏུ་བྱུང་། བྷ་ར་དྷྭ་ཛས་རྒྱལ་པོ་