[A:10]ནི་གནས་གཞན་མེད་དེ། དེར་སྐྱེ་བ་ནི་སེམས་ཅན་གང་དུ་ཤི་བ་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དང་ལྡན་པར་སྐྱེ་བའི་ཕྱིར་རོ། །དེ་ནས་བཅུད་ཀྱི་སེམས་ཅན་སྟོང་གསུམ་འདི་མེས་ཚིག་པའི་རྗེས་ལ་ཆགས་པ་ཡིན་ན། འོད་གསལ་ལྷ་ལས་བབས་པ་ཡིན། འོད་གསལ་བའི་ལྷ་ཚེ་ཟད་ཤི་སྟེ། ཚངས་པའི་འཇིག་རྟེན་སྟོང་པར་སྐྱེས་སོ། །དེ་ལ་འཇིག་རྟེན་སྤྱི་མེས་ཚངས་པ་ཟེར་རོ། །དེ་ནས་རིམ་གྱི་ཚངས་པ་འདུན་ན་འདོན་དང་། ཚངས་རིས་དང་། གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིགས་བཞིའི་བར་དུ་རིམ་པ་བཞིན་སྐྱེའོ། །དེ་ནས་བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་གླང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་དང་། ལྷོའི་འཛམ་བུ་གླིང་དུ་རིམ་པ་བཞིན་སྐྱེའོ། །དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ཡོད་པའི་ཚེ། ཟས་སུ་བསམ་གཏན་གྱི་དགའ་བ་ཟ་བ། རྫུས་ཏེ་སྐྱེ་བས་ལུས་ལ་འོད་ཡོད་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ། གཟུགས་ཁམས་ཀྱི་ལྷ་དང་འདྲ་བ་ཡོད་དོ། །དེའི་ཚེ་སེམས་ཅན་རོ་ལ་ཆགས་པའི་རང་བཞིན་ཅན་འགའ་ཞིག་གིས་བདུད་རྩི་སའི་བཅུད་ཞེས་བྱ་བ།ཁ་དོག་དཀར་བ། རོ་སྦྲང་རྩི་འདྲ་བ་ཡོད་པ་དག་ཟོས་ཏེ། གཞན་ལའང་སྨྲས་པས། སེམས་ཅན་གཞན་དག་གིས་ཀྱང་ཟོས་སོ། །དེའི་ཚེ་ཁམས་ཀྱི་ཟས་ཟོས་པས་ལུས་ཀྱི་འོད་ཐམས་ཅད་མེད་པར་གྱུར་པ་ན་སེམས་ཅན་སྤྱིའི་ལས་ལ་གྲུབ་པ། ཉི་མ་དང་ཟླ་བས་གླིང་བཞི་སྣང་བའི་བྱ་བ་བྱེད་པ་བྱུང་ངོ་། །དེའི་རྗེས་ལ་སའི་བཅུད་ནུས་ནས་སའི་