R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 125
[A:125]ཐུབ་པ་བཞི་ལས། ཆོས་སྐྱབས་ཀྱི་སྲས་ནི་ལོ་ཙྪ་བ་བློ་ལྡན་ཤེས་རབ་ཡིན་ཏེ། དེའང་ལྕགས་མོ་ཕག་གི་ལོ་ལ་སྐུ་འཁྲུངས། སྐྱེས་བུ་དམ་པ་དེས་སྐུ་ན་གཞོན་ནུའི་དུས་ནས་ཁུ་བོ་དང་ཀ་ཆུའི་སྦོ་ཆུང་ཚུལ་ཁྲིམས་ཤེས་རབ་ལ་སོགས་བསྟེན་ནས་རྒྱུད་སྦྱངས། དགུང་ལོ་བཅུ་བདུན་ལོན་པའི་དུས་སུ་མངའ་རིས་སྟོད་ཀྱི་ལྷ་བྱང་ཆུབ་འོད་ཀྱི་དབོན་པོ་མངའ་བདག་རྩེ་ལྡེས་རྒྱ་གར་དུལོ་ཙྪ་སློབ་པ་ལ་བརྫངས་ནས
ཞེསཡི་གེ་རྙིང་པ་དང་ཆོས་འབྱུང་ལས་གསུངས་ཤིང་། འགའ་ཞིག་ན་རེ། ཁུ་བོས་བཀའ་གནང་ནས་རྒྱ་གར་དུ་འགྲོ་དགོངས་ནས།མངའ་རིས་སྟོད་དུ་ཕེབས་ཙ་ན། སྐུ་ན་གཞོན་པའི་སྟབས་ཀྱིས་ལྟད་མོ་ཆེན་པོ་གཅིག་གི་སར་བྱོན་པས། ཁུ་བོས་ཆོས་རྒྱགས་སུ་གནང་བའི་གསེར་ཉུང་ཤས་གཅིག་ཡོད་པ་བོར་བ་ལྷ་བླ་མ་བྱང་ཆུབ་ཀྱིས་གསན་ནས་ཁྱོད་རྒྱ་གར་དུ་འགྲོ་བ་ཤིན་ཏུ་ལེགས། སངས་རྒྱས་ཀྱིབསྟན་པ་ལ་ཕན་པ་ཞིག་གྱིས་གསུངས་ནས་ཞལ་ཏ་བྱོན། མཐུན་རྐྱེན་དུ་གསེར་ཐིག་པོ་ར་མཆིན་ཙམ་གཅིག་གནང་། ཚུར་ཕེབས་དུས་ལོ་ཙྪའི་སྦྱིན་བདག་མཛད་པར་ཞལ་གྱིས་བཞེས་ཏེ་བརྫངས་ཟེར་ཡང་། ལྷ་བླ་མ་བྱང་ཆུབ་འོད་དང་དུས་མི་མཚུངས་བསམ་མོ
ཡུལ་དབུས་དང་ཁ་ཆེ་ལ་སོགས་པར་བྱོན། པཎྚི་ཏ་སད་ཛ་ན་དང་།འབུམ་ཕྲག་གསུམ་པ་དང་། ས་ར་ཧ་དེ་དང་། མ་ཧཱ་ཛ་ན་དང་། སུ་མ་ཏི་ཀིརྟི་དང་། སྐལ་ལྡན་རྒྱལ་པོ་ལ་སོགས་པ་མཁས་གྲུབ་དུ་མ་བསྟེན། རྒྱ་བལ་དུ་ལོ་བཅུ་བདུན་གྱི་བར་དུ་བཞུགས་ནས། མངའ་