R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 127
[A:127]གདན་ས་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད་ཅིང་། སླར་ཡང་ཞང་གྲོ་ལུང་པའི་སར་བྱོན་ནས་སྒྲོ་འདོགས་བཅད་དེ། བུ་སློབ་བསམ་གྱིས་མི་ཁྱབ་པ་མངའ་ཡང་། སྲས་ཀྱི་ཐུ་བོར་གྱུར་པ་གཙང་ནག་བརྩོན་འགྲུས་སེང་གེ དན་བག་སྨྲ་བའི་སེང་གེ འབྲུ་ནག་བསོད་ནམས་སེང་གེ། རྨ་བྱ་རྩོད་པའི་སེང་གེ རྩགས་དབང་ཕྱུག་སེང་གེ ཉང་བྲན་ཆོས་ཀྱི་སེང་གེ ལྡན་མ་དཀོན་མཆོག་སེང་གེ གཉལ་པ་ཡོན་ཏན་སེང་གེ་སྟེ། སེང་ཆེན་བརྒྱད་ཟེར། འགའ་ཞིག་ན་གཙང་པ་འཇམ་སེང་འདྲེན་པའང་གདའོ། །ཡང་ཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཚམ། གཉོས་ཇོ་སྲས་དཔལ་ལེ་བཞིལ་ཇོ་སྲས་བཞི་ཟེར། ཡང་འགར་དབང་གྲུབ། ཀོང་པོ་ཇག་ཆུང་། ལྷོ་པ་སྣོག་ཟན། སྤར་ཕུ་བ་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཇད་པ་སྟོན་སྐྱབས། རྡོ་རྗེ་འོད་ཟེར་ལ་སོགས་པའི་རྡོ་རྗེ་འཛིན་པ་དང་། ཞང་ཚལ་པ་དང་། ཆོས་རྗེ་ཕག་མོ་གྲུ་པ་ལ་སོགས་པ་མཁས་གྲུབ་དུ་མ་སྨིན་པར་མཛད་པའི་སློབ་མ་རྣམས་ཀྱི་ནང་ནས་ཐུགས་ཀྱི་སྲས་རྩགས་དབང་ཕྱུག་སེང་གེས་གདན་ས་ལོ་ལྔ། དེ་གཉིས་ཀའི་སློབ་མ་གཉལ་པ་དད་པ་བཟང་པོས་གདན་ས་ལོ་བདུན། འཇམ་ཙན་ནེས་ལོ་བདུན་བྱས། འདིའི་རིང་ལ་གླིང་སྟོད་སྨད་གཉིས་སུ་གྱེས་པ་ཡིན་ཏེ། སྨད་པ་ལ་བཟད་པ་དར་མ་འོད་དང་བཟད་པ་དོན་གྲུབ་གཉིས་ཀྱིས་གདན་ས་ལོ་སུམ་ཅུ་མཛད། དེའི་རྗེས་སུ་འགྲལ་གྱི་ཆོས་བཞི་འགྲིལ་ནས་རོག་གིས་གདན་ས་ཟླ་བ་དྲུག་