[A:128]མཛད། དེ་ནས་སློབ་དཔོན་འོད་ཟེར་མགོན་པོས་ལོ་སུམ་ཅུ་སོ་ལྔ་གདན་ས་མཛད་པ་ལ། སློབ་མ་སློབ་དཔོན་ཤག་གཞོན། དོན་གྲུབ་དཔལ། ཁ་རག་པ་ལ་སོགས་མང་དུ་བྱུང་ཡང་། སློབ་དཔོན་ཤཱཀྱ་གཞོན་ནུས་གདན་ས་ལོ་ཉི་ཤུ་རྩ་བརྒྱད་མཛད། དེའི་རྗེས་སུ་རྒྱ་མ་བ་བཀྲ་ཤིས་རྒྱལ་མཚན་གྱིས་ལོ་བརྒྱད། ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་བརྒྱད། དེའི་རྗེས་སུ་ཡར་འབྲོག་པ་གཞོན་ནུ་རྒྱལ་མཚན་གྱིས་གདན་ས་ཟླ་བ་བཅུ་གཅིག དེའི་རྗེས་སུ་རྒྱལ་སྡེ་བ་གཞོན་སེང་གིས་གདན་ས་ལོ་བརྒྱད། དེའི་རྗེས་སུ་གཙང་དཀར་གྱིས་ལོ་གསུམ། དེའི་རྗེས་སུ་སློབ་དཔོན་བློ་གྲོས་སེང་གེ་དང་། དར་དབང་། བླ་མ་ཡེ་ཤེས་ལ་སོགས་གླིང་སྨད་པའི་གདན་ས་རྣམས་སོ། །གླིང་སྟོད་པ་ནི་འཛམ་ཙ་ནེའི་སློབ་མ་གཙང་པ་འཇམ་སེང་། དེ་རྗེས་འཛིན་སྟོན།ཞུས་སྟོན། བློ་གྲོས་འབར་རྣམས་རིམ་པས་བྱོན་པའི་རྗེས་སུ། སློབ་དཔོན་གཉལ་ཞིག་འོན་ཤང་རྡོ་ནས་སྤྱན་དྲངས་ཏེ། གདན་ས་ལོ་བརྒྱད་ཀྱི་བར་མཛད་ཅིང་སློབ་མ་བུ་དགུར་གྲགས་པ་བྱུང་སྟེ། བཟད་རིངས། ཕུ་དུང་དར་དཀོན། གཙང་པ་གྲུ་གུ་བ་རྣམས་ལ་སྔ་ཚར་གསུམ་ཡིན་ཟེར། བུ་ཡུག་པ་བསོད་ནམས་སེང་གེ བོ་དོང་པ་རིན་ཆེན། སློབ་དཔོན་ཇོ་ནམ་གསུམ་ལ་བར་ཚར་གསུམ་ཟེར། རྒྱ་འཆིང་། འཇམ་སར། སྐྱེལ་ནག་གསུམ་ལ་ཕྱི་ཚར་གསུམ་ཟེར།དེ་ལྟར་སློབ་མ་མང་ཡང་གདན་ས་རྒྱལ་པ་སོ་སྟོན་གྱིས་ཁོང་བྲོས་པའི་རྗེས་སུ་རྒྱ་འཆིང་བདེ་བ་ཅན་སྤྱན་དྲངས་ཏེ་གདན་ས་མཛད། དེའི་