[A:129]རྗེས་སུ་ཁོང་རང་གི་སློབ་མ་ཆུ་མིག་པ་སེང་གེ་དཔལ་གྱིས་གདན་ས་ལོ་བཅོ་བརྒྱད་མཛད། དེའི་རྗེས་སུ་ལྡན་མ་གྲགས་རིན་གྱིས་གདན་ས་ལོ་བརྒྱད་མཛད། དེའི་རྗེས་སུ་ལྷོ་བྲག་པས་གདན་ས་མཛད་། དེ་རྗེས་ཁོང་རང་གི་སློབ་མ་ཉང་སྟོད་པ་ཡེ་ཤེས་མགོན་གྱིས་ལོ་བདུན་མཛད། དེ་རྗེས་ལྷོ་བྲག་པས་བསྐྱར་ནས་སྔ་ཕྱི་རེ་མོས་འགྲིལ་བས་བླ་ཆོས་ཉི་ཤུ་རྩ་གཉིས་གསུངས། དེའི་རྗེས་སུ་བཙན་དགོན་པས་གདན་ས་ལོ་ཉི་ཤུ་མཛད། དེའི་རྗེས་སུ་ཁོང་རང་གི་སློབ་མ་བླ་བྲང་དབོན་པས་གདན་ས་མཛད། དེའི་རྗེས་སུ་སློབ་དཔོན་གཞོན་རིན་གྱིས་གདན་ས་མཛད། དེ་རྗེས་ལྷ་ས་བ། དེའི་རྗེས་ཡ་ཙེ་པ། དེ་རྗེས་ལྷ་ཡུལ་བ། དེ་རྗེས་ཤེར་བཟང་། དེ་རྗེས་རིན་གྲགས་པ་དང་ཡོན་རྒྱལ་ལ་སོགས་པ་གླིང་སྟོད་པའི་གདན་སའོ། །གཞན་ཡང་ལོ་ཙྪ་བ་ཆེན་པོའི་ཆོས་བརྒྱུད་འཛིན་པ་ནི། ལོ་ཙྪ་བ་ཆེན་པོའི་དངོས་སློབ་སྲས་ཀྱི་ཐུ་བོ་བཞིའི་ནང་ནས། ཁྱུང་པོ་རིན་ཆེན་གྲགས་ཀྱི་སློབ་མ་སྟོད་ལུར་རྒྱ་དམར། སྟག་པ་ཁ་ཆེ་ལ་སོགས་ལས་བརྒྱུད་པ་ཉང་སྟོད་གནས་པར། སྨོན་གྲོ་བ་ལ་སོགས་པའོ། །འབྲེ་ཤེས་རབ་འབར་གྱིས་ཉང་སྟོད་གནས་སྙིང་དུ་ཆོས་བཤད། ཕར་ཕྱིན་གྱི་གྲྭ་ས་བཙུགས་ཏེ། ལས་སྟོད་དཀོན་དཀར་གྱི་གདན་ས་མཛད་ཅིང་།དེང་སང་གི་བར་དུ་དེའི་མི་རྒྱུད་ཀྱིས་འཛིན། གཙང་པ་འབྲེ་རྒུད་ཀྱིས་དགའ་བ་གདོང་། བྱ་རོང་ཚང་ལ་སོགས་སུ་བཤད་དེ། དེ་རྣམས་འབྲེ་ནས་བརྒྱུད་པའོ། །ཨད་བྱང་ཡེས་ཀྱིས་གནམ་ཙེང་ལྡེང་