[A:138]བར་པ་རླངས་ཁམས་པ་སུ་ག་ཏ་ཝརྨ་རཀྵི་ཏ་ཞེས་བྱ་སྟེ། བོད་སྐད་དུ་བདེ་བར་གཤེགས་པ་བསྲུང་བ་ཞེས་བྱ། དཀོན་པ་རྗེ་གུང་སྟག་ནི་བློ་ཆེ་ཞིང་འཇིག་རྟེན་གྱི་བྱ་བ་ལ་མཁས་པས་རྒྱལ་པོའི་ནང་རྗེ་ཁ་ཡུན་རིང་དུ་བྱས། དེའི་མིང་འཁོན་དཔལ་པོ་ཆེ་ཞེས་ཀྱང་གྲགས་སོ། །དེས་རླངས་ཁམས་པ་ལོ་ཙྪ་བའི་བུ་མོ་རླངས་ཟ་སྣེ་ཆུང་མ་བྱ་བ་ཁབ་ཏུ་བཞེས་པ་ལ། སྲས་གཉིས་བྱུང་བའི་ཆེ་བ་དེས་དབའ་ཡེ་ཤེས་དབང་པོ་དང་རང་གི་ཞང་པོའི་ཐད་དུ་རབ་ཏུ་བྱུང་སྟེ། འཁོན་ཀླུའི་དབང་པོ་བསྲུང་བ་ཞེས་བྱའོ། །འགའ་ཞིག་གིས་མཁན་པོ་ཞི་བ་འཚོ་ཡིན་ལ། སློབ་དཔོན་རང་གི་ཞང་པོ་ཡིན་ཟེར་རོ། །གང་ལྟར་ཡང་ལོ་ཙྪ་བ་གཞོན་གསུམ་གྱི་ནང་ནས་ཐུགས་རབ་ཆེ་བ། འཁོན་ན་ག་ཨིཏྲ་རཀྵི་ཏ་ཞེས་པ་སྔགས་དང་མཚན་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བས། དེ་ནས་འཁོན་ལ་གྲགས་པ་ཆེན་པོ་བྱུང་བ་ཡིན་ནོ། །དེའི་གཅུང་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ། འགའ་ཞིག་གིས་འཁོན་ཀླུའི་དབང་པོ་སྐྲུ་མཆེད་བཞི་བྱུང་བར་བཞེད་ནས། ཆེ་བ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག གསུམ་པ་ཀླུའི་དབང་པོ།བཞི་པ་ཚེ་འཛིན། དེའི་སྲས་རྡོ་རྗེ་རིན་ཆེན་ཡིན་པར་བཞེད་ནའང་།འཁོན་གྱི་ཡིག་ཚང་རྙིང་པ་ན་དེ་མིན། འཁོན་རྡོ་རྗེ་རིན་པོ་ཆེས་འབྲོགྲ་འདུལ་གྱི་བུ་མོ་འབྲོ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལ། སྲས་འབྲོ་ཚ་སྤུན་བདུན་བྱུང་ངོ་། །ཕུ་བོ་ཆེ་བ་དེས་མང་ཡུལ་དུ་བྱོན་པས།དེང་སང་མང་ཡུལ་ན་འཁོན་མི་མང་པོ་ཡོད། དེ་འོག་གུང་ཐང་དུ་