[A:139]གཤེགས། དེ་འོག་གད་དུ་གཤེགས་པས་དེ་ནབ་ཚོ་དང་སྤར་ཚོ་གཉིས་སུ་ཡོད་དོ། །དེ་འོག་གཉལ་དུ་གཤེགས་ཏེ། གཉལ་ལོ་རོ་ན་ད་ལྟ་ཡང་འཁོན་མང་དུ་ཡོད། དེ་འོག་ཉང་རོ་དང་ཤབ་ཏུ་སོང་སྟེ།ཉང་ཤབ་ཀྱི་འཁོན་རྣམས་ཡིན་ནོ། །དེ་འོག་གྲུམ་པ་གཡའ་ལུང་དུ་བྱོན་པ་ཡིན། ཐ་ཆུང་ཕ་ཡུལ་དུ་བཞུགས། ག་སྟག་གྲུམ་པར་བྱོན་པ་དེ་མཚན་ཤེས་རབ་ཡོན་ཏན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དེ་མཁན་ཚུལ་ཁྲིམས་རྒྱལ་པོ། ཆུང་བ་ཁབ་སོ་སྟག་ཐོག་ཏུ་བྱོན།དེར་ཡང་འཁོན་མང་དུ་འཕེལ། ཡང་འཁོན་ཤེས་རབ་ཡོན་ཏན་ལ།སྲས་ཡོན་ཏན་འབྱུང་གནས། དེ་ལ་ཚུལ་ཁྲིམས་རྒྱལ་པོ། སྐུ་མཆེད་བྱུང་བར་བྱས་ཡོད་། ཡི་གེ་རྙིང་པ་ན་འདི་མི་སྣང་། མཁན་ཆེན་ཚུལ་ཁྲིམས་རྒྱལ་པོ་ལ་སྲས་གསུམ་བྱུང་བའི་བར་པ་དེ་བརྡལ་ཆང་ཚང་དུ་བྱོན། ཆེ་ཆུང་གཉིས་གཡའ་ལུང་དུ་བཞུགས་པ་ལ། ཆེ་བ་འཁོན་གཙུག་ཏོར་ཤེས་རབ་ལ་སྲས་བདུན་བྱུང་བ་དང་། ཁུ་བོ་ཆུང་བ་དང་བཅས་པས་འཁོན་མོ་བརྒྱད་དུ་གྲགས་པ་གཡའ་ལུང་ན་ཡོད། སྲས་བདུན་པོའི་ལྔ་པ་དེ་འཁོན་དགེ་སྐྱབས། དེས་ཤབ་ཏུ་བྱོན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་དགེ་མཐོང་། ཆུང་བ་ལ་ཤབ་སྟོད་ཀྱི་འཁོན་མི་རྣམས་གྱེས་པ་ཡིན་སྐད། དགེ་མཐོང་གི་སྲས་འཁོན་བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས། དེ་ལ་སྲས་གཉིས་བྱོན་པའི་ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཞེས་བྱའོ། །དེ་ཡན་ཆད་ཀྱི་འཁོན་རིམ་པར་བྱོན་པ་ཐམས་ཅད་ཀྱང་སྔགས་རྙིང་མ་བ་ཡིན། འཁོན་རོག་