[A:141]ལུང་ཆུ་སྐྱར་ཡང་ཅི་རིགས་སུ་བཞུགས། བྲ་བོ་ལུང་པར་དགོན་ཆུང་གཅིག་བཏབ་ནས་ལོ་འགའ་བཞུགས་ཏེ། ས་སྐྱ་གོག་པོར་ཡང་གྲགས་སོ། །དེའི་ཚེ་རི་རྩེ་ནས་གཟིགས་པས། དཔོན་པོ་རིའི་ངོས་འགྲམ་ནས་དཀར་པོ་སྣུམ་པ། ཆུ་གཡས་སུ་འབབ་པ། བཀྲ་ཤིས་པའི་དགེ་མཚན་མང་པོ་གཟིགས་ནས། དགོན་པ་གཅིག་དེར་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པར་དགོངས་ཏེ། ཇོ་བོ་གདོང་ནག་མ་ལ་ཞུས་པས་གནང་། ས་དེའི་བདག་པོ་ཞང་ཞུང་གུ་ར་བ་དང་། བནྡེ་གྲོང་བཞི། ལྷ་མི་གྲོང་བདུན་དུ་གྲགས་པ་ཡོད་པ་རྣམས་ལ་འདིར་དགོན་ཆུང་གཅིག་བྱས་ན་ཁྱེད་རྣམས་ལ་གལ་བ་མེད་ལས་ཆེ། རིན་གཅིག་འཇལ་བྱསཔས།ཁོང་རྣམས་ན་རེ། རིན་ཡེ་མི་འཚལ། དགོན་པ་མཛད་པར་ཞུ་ཟེར་བ་ལ། འོན་ཀྱང་གྲོག་ཕྱིས་ཚུན་ཆོད་འདི་འཐད་གསུངས་ནས།རྒོད་མ་དཀར་མོ་གཅིག མོ་གོས་གཅིག ནོར་བུའི་ཕྲེང་བ་གཅིགཁྲབ་གཅིག་རྣམས་ཀྱིས་མགོ་བྱས་པའི་རིན་བཅལ་ནས། མོན་གྲོག་མར་བཅད། འབལ་གྲོག་ཡར་བཅད་བར་བླ་མ་ལ་དབང་བར་བྱས་སོ།།བླ་མ་དཀོན་མཆོག་རྒྱལ་པོ་དགུང་ལོ་བཞི་བཅུ་བཞེས་པའི་དུས་སུ། ཆུ་མོ་གླང་གི་ལོ་ལ་དཔལ་ལྡན་ས་སྐྱའི་གདན་ས་འགྲམ་བཏིང་ནས། ཤར་བླ་བྲང་གི་ས་ཆ་ལ་བླ་བྲང་གི་མཐིལ་བྱས། ལྕགས་རི་རྩ་བརྒྱད་དུ་བྱས་པ་གཅིག་ཡོད་དོ། །དེ་ལྟ་བུའི་བླ་མ་དེས་བསྟན་པའི་བྱ་བ་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་རེ་དགུ་བཞེས་པ་ཆུ་ཕོ་རྟའི་ལོ་དབྱུག་གུ་ཟླ་