[A:143]འདིང་། བ་རི་བ་གདན་སར་འདོན་པ་རྣམས་ཉིན་གཅིག་ལ་བྱས་ཏེ།སྨན་ཞིང་ཆེན་མོ་མ་གཏོགས་གཞིས་རྟེན་བླ་མ་བ་རི་བ་ལ་གཏད་དོ། །བླ་མའི་ཞལ་ནས་ཁྱོད་ཇོ་སྲས་ཀྱི་བུ་ལ་སློབ་གཉེར་བྱེད་དགོས་པ་ཡིན།དེ་ལ་ཤེས་རབ་དགོས་པས། དེའི་ལྷ་འཕགས་པ་འཇམ་དཔལ་ཡིན།ཨ་ར་པ་ཙ་འདི་སྒྲུབས་གསུངས་ནས་བསྒྲུབས་པས་ཟླ་བ་དྲུག་ན་གྲུབ་སྟེ།འཇམ་དབྱངས་ཀྱི་ཞལ་གཟིགས་ཤིང་། དེའི་སྒྲུབ་ཁང་འཇམ་དཔལ་བྲག་ཁུང་དུ་གྲགས་པ། བླ་བྲང་ཤར་གྱི་དཀྱིལ་ན་ཡོད་། དེ་ནས་དགུང་ལོ་བཅུ་གཉིས་ལོན་པའི་དུས་སུ་རོང་ངུར་མིག་དུ་བྱོན་པས།བྲང་ཏི་བའི་གྲྭ་པ་རྣམས་ཚོགས་ཚར་ནས་བྲང་ཁང་མེད་པས། སྲང་ཁ་ཕུགས་རྡུགས་གཅིག་ཏུ་ཕྱར་བའི་ཡོལ་བ་བཅད་ནས་བཞུགས་པའི་ཁང་མཛེས་གཅིག་ན་ཡར་འབྲོག་ཁོ་པེ་བའི་གྲྭ་པ་གཅིག་ལ་འབུམ་པ་སྨེ་བ་ནག་པོ་བྱུང་བ་ལ་ནད་གཡོག་མེད་པས་མ་བཟོད་ནས་ནད་གཡོག་མཛད་པས་དེ་ཕན་ཏེ་བླ་མ་ལ་གོས་ཏེ་སྙུན། དེ་ཙ་ན་ས་སྐྱ་ན་ཨ་པོ་ཕག་སྟོན་བྱ་བའི་མིག་མཐོང་མཁན་པོ་གཅིག སྔ་དྲོ་ཉི་མ་ལ་ཐོན་ནས་བསྡད་ཙ་ན། ཤར་ཕྱོགས་ནས་བྲ་ཆུང་ཀོང་ཀ་ན་ཡར་རྟ་གྲོ་བོ་ཞོན། ཞྭ་ཐང་ཁུ་ཆལ་ཐབས་ཆག ཕོད་ཁ་ཆེན་པོ་ཅན་གཅིག་ལྕགས་ཡོབ་གཡོ།ག་གིན། ས་སྐྱའི་ཐད་ཀར་རྟ་ཁ་སྒྱུར། ཀུན་དགའ་སྙིང་པོ་ན་ཡིན་ཡོད། ཁྱེད་ས་སྐྱ་བ་ཚོ་ཅི་མོལ་བ་ཡིན་ཟེར་བ་གཅིག་བྱུང་སྟེ། དེའི་ལོ་རྒྱུས་བསྙད་པས། ཨ་པོ་ཟེར་བ་བཞིན་ཡོང་པ་གཅིག་ཡོད། ཕལ་ཆེར་བདེན་ཅོ་ཡོད་ཟེར། དེའི་དགོང་མོ་བང་ཆེན་