R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 144
[A:144]པས་སླེབས། མ་གཅིག་གི་ཀུན་དགའ་སྙིང་པོ་མ་ཤི་ན་རུང་། ཤི་ན་ང་ལའང་ས་སྐྱར་འཁོར་རྒྱུ་མེད་བསམ་ན། གཅོང་འཁྲུལ་བྱས་ནས་གསེར་ལ་སོགས་པ་མང་པོ་ཁྱེར་ནས་བྱོན། མཇལ་བ་དང་སྐུ་ན་གཞོན་པ་དང་། ཐག་རིང་དུ་བསྙུན་པས་བཤུམས་པས། ཡུམ་ན་རེ། ཕ་ཇོ་སྲས་ཀྱི་བུ་བྱ་བ་བ་སྙིང་རུས་དགོས་པ་ཡིན། སྙིང་རུས་ཀྱི་ཚུ་གའམ། ཁྱོད་དགེ་འདུན་མང་པོ་རྒྱ་མཚོ་ལྟ་བུའི་གསེབ་ཏུ་ཤི་ན་རང་ལེགས་པ་ཡིན་ཏེ་ཟེར་ནས་ཤེད་བཅད་སྐད། བླ་མ་འདིས་བླ་མ་མང་དུ་སྟེན་ཞིང་། ཁྱད་པར་བླ་མ་སེ་མཁར་ཆུང་པ་
འདི་བླ་མ་དགོན་པ་པར་རིགས་ནའང་ཡི་གེ་རྙིང་པ་ན་སེ་མཁར་ཆུང་པ་བྱ་བ་སྣང
ལ་ཆོས་དང་གདམས་ངག་མང་དུ་ཞུས་ཤིང་། ཁྱད་པར་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་བ་གནང་ནས། དེའི་རྟེན་དུ་དར་ནག་དང་། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་དང་བཅས་ཏེ། མགོན་པོ་ལ་མི་ལ་ཟེར་བ་སྐད། ད་ང་རྒས་པས་ཁྱོད་མི་དགོས། ཁྱོད་རང་འཁོན་ས་སྐྱ་པའི་རྗེས་ལ་སོང་ཤིག་ཟེར་ནས་བརྫངས། བླ་མ་འདི་ཉིད་ཀྱིས་དགུང་ལོ་ཉི་ཤུ་པ་ནས་དྲུག་ཅུ་རྩ་བདུན་གྱི་བར་གདན་ས་ལོ་ཞེ་བརྒྱད་བཟུང་ནས། ས་ཕོ་སྟག་གི་ལོ་ཐ་སྐར་གྱི་ཟླ་བའི་དཀར་ཕྱོགྭས་ཀྱི་ཚེས་བཅུའི་ཚེ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསུས་ཏེ་གཡས་རུ་སྐྱ་བོ་ཁ་གདངས་སུ་ཞི་བར་གཤེགས་ལ། དེ་ལྟ་བུའི་བླ་མ་དེ་ལ་རིགས་ཀྱི་སྲས་བཞི་འཁྲུངས་ཏེ་ཇོ་མོ་ཆེ་ཆུང་གཉིས་བཞུགས་པ་ལས། ཆུང་ཤོས་ཇོ་ལྕམ་ཕུར་མུ་བྱ་བ་ལ་གཅེན་ཀུན་