[A:151]བདག་པོ་མཛད་ཚུལ་རྣམ་ཐར་ཡོད་པ་ལས་ཤེས་པར་བྱའོ། །བླ་མ་འདིའི་གཅུང་སློབ་དཔོན་ཕྱག་ན་རྡོ་རྗེ་ཡབ་དགུང་ལོ་ང་དྲུག་བཞེས་པའི་དུས་སུ་ས་མོ་ཕག་གི་ལོ་ལ་སྐུ་འཁྲུངས་ཤིང་། བླ་མ་ཆོས་རྗེ་པའི་ཕྱག་ཕྱི་ལ་བྱང་ངོས་སུ་བྱོན།
དེ་དུས་གོ་དན་གྱིས་ཧོར་ཆས་སུའང་བཅུག་ཟེར
འཕགས་པའི་ཕྱག་ཕྱིར་རྒྱ་ཡུལ་དུའང་བྱོན། སེམས་ཅནཤི་གསོས་ཐོགས་གཏུགས་མེད་པར་མཛད། ཡང་སེ་ཆེནརྒྱལ་པོས་བོད་སྤྱི་ཤེས་སུ་བཅུག་ནས་མིང་དམ་ཁ་བྱོན། གདུང་རྒྱུད་འཛིན་དུ་བཅུག་ནས་དཔོན་མོ་མེ་གན་དུན་གནང་ཟེར
འདི་ཉིད་ངེས་པར་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པརབྱེད། སློབ་དཔོན་འདི་ཉིད་དགུང་ལོ་ཉི་ཤུ་རྩ་དྲུག་པའི་དུས་མེ་མོ་ཡོས་བུའི་ལོ་ཟླ་བ་བདུན་པའི་ཚེས་གཉིས་ལ་དཔེ་ཁང་གཟིམ་ཁང་དུ་བདེ་བར་གཤེགས་སོ། །མ་གཅིག་ཇོ་འབྲོ་ལ་ལྕམ་སྲིང་གཉིས་འཁྲུངས་པའི་སློབ་དཔོན་རིན་ཆེན་རྒྱལ་མཚན་ནི་ཡབ་སློབ་དཔོན་བསོད་རྒྱལ་དགུང་ལོ་ང་ལྔ་བཞེས་པ་ས་ཕོ་ཁྱི་ལ་སྐུ་འཁྲུངས། རྒྱུད་ལུང་མ་ kun: =མན? ངག་དུ་མ་མཁྱེན་ནས་ཏི་ཤྲི་ལ་སོགས་པའི་མིང་བྱིན་པ་མེད་ཀྱང། བླ་མ་འཕགས་པ་བོད་དུ་བྱོན་པའི་ཤུལ་དུ་སེ་ཆེན་གྱི་བླ་མཆོད་བླ་མའི་གདན་ས་ལྟ་བུར་མཛད་ཟེར
སའི་བདག་པོ་རྒྱལ་པོ་ཆེན་པོའི་བླ་མཆོད་མཛད་ཅིང་། དགུང་ལོ་བཞི་བཅུ་ཞེ་གཉིས་བཞེས་པའི་དུས་སུ་ས་མོ་ཡོས་བུའི་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་ཤིང་ཀུན་དུ་སྐུ་གཤེགས་ཤིང་། དེ་ཉིད་ན་སྐུ་འབུམ་ཡང་ཡོད་དོ། །བླ་མ་དེ་ཉིད་ལ་ཡུམ་གཅིག་པའི་ལྕམ་མོ་སློབ་དཔོན་མ་འོད་