[A:150]བརྩིགས་པ་ཡིན་ནོ། །དེ་ནས་སྦྲུལ་ལོ་ལ་གོང་དུ་བྱོན། ལོ་བདུན་བཞུགས་ནས་
རྟིང་ལ་དཔོན་ཆེན་ཀུན་དགའ་བཟང་པོས་བོ་དུ་གདན་དྲངས། ཡར་ལམ་རེན་པོ་ཆེ་སྟོན་ཚུལ་གྱིས་གཡོ་འབས་ཕང་ཐོར་གིན་བ་ལང་དེ་གོང་སོགས་གནས་གཞི་སྟོང་རྩ་བརྒྱད་ཕུལ། ད་ལྟ་ཕྱིས་གཞིས་པས་ཁ་འཇུག་པ་རྣམས་ཡིན
མེ་ཕོ་བྱི་བ་ལོར་གདན་ས་ཆེན་པོར་ཕྱགས་ཕེབས། མེ་མོ་གླང་ལོ་ལ་ཆུ་མིག་ཆོས་འཁོར་མཛད། སྟག་ལོ་ལ་ཐུགས་དམ་བཀའ་འགྱུར་བཞེངས། མདོར་ན་དེ་ལྟ་བུའི་བླ་མ་དམ་པ་འདི་བསོད་ནམས་ཅན་གྱི་སེ་ཆེན་རྒྱལ་པོ་དང་ཡོན་མཆོད་དུ་འབྲེལ། སྐད་རིས་མི་གཅིག་པའི་རྒྱལ་ཁམས་མང་པོ་ལ་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད། ཁྱད་པར་དུ་བོད་དང་བསྟན་འཛིན་རྣམས་ཀྱི་ཤེད་སྐྱེད། འདི་ནས་བཟུང་ཏི་ཤྲཱི་གུ་ཤྲཱི་ལ་སོགས་པའི་མཚན་རིམ་པར་ཐོབ་ནས། གདུང་རྒྱུད་རིན་བོ་ཆེ་འདི་བསྟན་འཛིན་དང་བོད་ཁམས་ཡོངས་ལ་བཀའ་དྲིན་ཆེ་བའི་རྒྱུ་མཚན།མུ་ཏིག་འཇའ་ས་རིམ་པས་མགོ་བྱས། གདན་ས་ཆེན་པོ་ན་ཡོད་པའི་བསྟན་པ་ཤེད་སྐྱེད་ཀྱིི་འཇའ་ས་རྣམས་ལ་གསལ། དེ་ལྟར་ཆོས་རྗེ་གཤེགས་ནས་བླ་མ་འདིས་ཆོས་ཀྱི་རྒྱལ་སྲིད་ལོ་ཉི་ཤུ་རྩ་དགུའི་བར་དུ་བསྐྱངས་ཏེ། དགུང་ལོ་བཞི་བཅུ་རྩ་དྲུག་བཞེས་པ་ལྕགས་ཕོ་འབྲུག་གི་ལོ་སྨལ་པོ་ཟླ་བའི་ཉེར་གཉིས་སྔ་དྲོ་ངོ་མཚར་ལྟས་དུ་མ་དང་བཅས་ཏེ་དཔལ་ལྡན་ས་སྐྱའི་ལྷ་ཁང་བླ་བྲང་གི་གཟིམ་ཁང་དུ་བདེ་བར་གཤེགས་སོ། །བླ་མ་འདིའི་མཛད་སྤྱོད་དང་གསན་ཡིག བསྟན་པའི་