[A:152]ཟེར་འབུམ་འཁྲུངས་སོ། །ཡང་མ་གཅིག་རྡོ་རྗེ་ལྡན་ལ་བླ་མ་ཡེ་ཤེས་འབྱུང་གནས་གཅིག་བུ་འཁྲུངས་པ་ནི་ཡབ་སློབ་དཔོན་བསོད་ནམས་རྒྱལ་མཚན་དགུང་ལོ་ང་ལྔ་བཞེས་པའི་དུས་སུ་ས་ཕོ་ཁྱི་ལ་སྐུ་འཁྲུངས་ཏེ། སློབ་དཔོན་རིན་ཆེན་དང་དགུང་ལོ་གཅིག་ཡིན། བླ་མ་འདི་
ཤརལ་ཟུར་དུ་བཞུགས་པས་མཁན་པོ་ཤར་ལ་ཟུར་པར་གྲགས
ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། རྒྱལ་བུ་ཧུ་དཀར་ཆེའི་བླ་མ་མཛད་ནས་དགུང་ལོ་སོ་བདུན་བཞེས་པའི་དུས་ཤིང་ཕོ་ཁྱི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ལྗང་ཡུལ་དུ་གཤེགས་སོ། །སློབ་དཔོན་བསོད་ནམས་ཀྱི་ཇོ་མོ་གུང་ཐང་བཙད་པོའི་སྲས་མོ་ལྷ་གཅིག་མཛེས་མ་བྱ་བ་ལ་སློབ་དཔོན་མ་བསོད་ནམས་འབུམ་དང་། སློབ་དཔོན་མ་ཉི་མ་འབུམ་གཉིས་འཁྲུངས་སོ། །སློབ་དཔོན་མ་བསོད་ནམས་འབུམ་བཙུན་མ་ཡིན། ཇོ་མོ་གླིང་བཏབ་ཏེ་བཙུན་མའི་སྡེ་བཙུགས་སོ། །ཡང་སློབ་དཔོན་བསོད་ནམས་ཀྱི་ཇོ་མོ་ཇོ་ལྕམ་ཧོར་མོ་བྱ་བ་ལ་སློབ་དཔོན་མ་རིན་ཆེན་འབྱུང་གནས་འཁྲུངས་སོ། །སློབ་དཔོན་ཕྱག་ན་ལ་སྲས་གཅིག་བྱུང་སྟེ། མ་གཅིག་མཁའ་འགྲོ་འབུམ་བྱ་བ་ལ་སློབ་དཔོན་ཕྱག་ན་བདེ་བར་གཤེགས་ནས་ཟླ་བ་དྲུག་སོང་རྟིང་ས་ཕོ་འབྲུག་གི་ལོ་ཟླ་བ་དང་པོ་ལ་བདག་ཉིད་ཆེན་པོ་ངྷརྨ་པཱ་ལ་རཀྵི་ཏ་སྐུ་འཁྲུངས་ཏེ།བླ་མ་འདི་དགུང་ལོ་བཅུ་བཞི་པ་ལ་སེ་ཆེན་རྒྱལ་པོའི་དྲུང་དུ་བྱོན་ཞིང་།བླ་མ་འཕགས་པ་གཤེགས་པའི་རྗེས་སུ་འགའ་ཞིག་ན་རེ་ཏི་ཤྲིའི་མིང་བྱིན་ཟེར། གང་ལྟར་ནའང་བླ་མ་འཕགས་པའི་གདུང་རིང་བསྲེལ་