R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 156
[A:156]གཤེགས་སོ། །བདག་ཉིད་ཆེན་པོའི་བཙུན་མོ་རེད་མདའ་མ་ལྷ་གཅིག་ཉི་མ་རིན་ཆེན་ཞེས་བྱ་བ་ལ་ལྕམ་སྲིང་གསུམ་འཁྲུངས་པའི་ཆེ་བ་དེ་གཞོན་ནུ་ལ་བདེ་བར་གཤེགས་སོ། །དེའི་འོག་མ་སློབ་དཔོན་མ་ཀུན་དགའ་འབུམ་འཁྲུངས་སོ། །ཆུང་བ་དེ་ལ་སློབ་དཔོན་ཆེན་པོ་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ།འདི་ཉིད་ཡབ་དགུང་ལོ་ཞེ་བདུན་བཞེས་པའི་དུས་ས་ཕོ་སྤྲེའུ་ལོ་ལ་སྐུ་འཁྲུངས་ནས། དགུང་ལོ་ཉི་ཤུ་བཞེས་པའི་དུས་མེ་ཕོ་བྱི་བ་ལོ་ལ་སྲད་ཀྱི་ས་ཆ་ཀླུབ་ཏུ་གཤེགས་སོ། །བདག་ཉིད་ཆེན་པོའི་བཙུན་མོ་ཞ་ལུ་བ་མ་གཅིག་གཞོན་ནུ་འབུམ་ཞེས་བགྱི་ལ། སྲས་གསུམ་འཁྲུངས་པའི་ཆེ་བ་དེ་ལ་སློབ་དཔོན་ཆེན་པོ་ཏའི་དབེན་གུ་ཤྲི་ཀུན་དགའ་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ། རྒྱལ་པོའི་བླ་མཆོད་མཛད།ཏའི་དབེན་གུ་ཤྲིའི་མཚན་གསོལ། ཆུ་ཕོ་ཁྱི་ལོ་ལ་ཕོ་བྲང་ཆེན་པོར་ངོ་མཚར་བའི་མཛད་པ་དུ་མ་བཅས་ཏེ་བདེ་བར་གཤེགས་སོ་ཞེས་གྲག་གོ །བླ་མ་དེའི་གཅུང་བླ་མ་དམ་པ་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ། བླ་མ་འདི་ཉིད་ཡབ་དགུང་ལོ་ཞེ་དགུ་བཞེས་པའི་དུས་ལྕགས་ཕོ་ཁྱི་ལོ་ལ་འཁྲུངས་སོ། །དེ་ལྟ་བུའི་བླ་མ་འདི་ནི་ངེས་པར་འཇམ་དཔལ་དབྱངས་ཡིན་ཏེ། གདུལ་བྱ་དག་པ་འགའ་རེས་འཇམ་དབྱངས་སེང་གེ་ལ་ཆིབས་པ་དངོས་སུ་མཐོང་ཞེས་གྲགས་ལ། དགུང་ལོ་སོ་ལྔ་བཞེས་པའི་དུས་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནམ་མཁའི་