R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 155
[A:155]པོ་ཞེས་བགྱི་ལ། འདི་ཉིད་ཡབ་དགུང་ལོ་ཞེ་བཞི་བཞེས་པའི་དུས་སུ་ཤིང་མོ་སྦྲུལ་གྱི་ལོ་ལ་འཁྲུངས་ཏེ། བླ་མ་འདི་ཉིད་ཀྱིས་དགུང་ལོ་ཉི་ཤུ་རྩ་གཅིག་ནས་སོ་དགུ་བཞེས་པའི་བར་གདན་ས་ལོ་བཅུ་དགུ་མཛད་ནས། དགུང་ལོ་སོ་དགུ་བཞེས་པའི་དུས་ཆུ་མོ་ལུག་གི་ལོ་ཟླ་བ་དགུ་པའི་ཚེས་བརྒྱད་ལ་བཞི་ཐོག་གཟིམ་ཁང་དུ་བདེ་བར་གཤེགས་སོ། །བླ་མ་འདིའི་གཅུང་ཆེ་བ་དེ་གཞོན་ནུ་ལ་གཤེགས་ཞེས་ཐོས་སོ། །གཅུང་ཆུང་བ་དེ་སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ། འདི་ཉིད་ཀྱིས་ཀྱང་ཡབ་ཀྱི་ཆོས་ལུགས་རྣམས་སྔ་མོ་ནས་ཁོང་དུ་ཚུད་ནས་གོང་དུ་བྱོན། རྒྱལ་པོ་ཆེན་པོའི་
ཡེ་མུན་ཐེ་མུར
བླ་མཆོད་ཀྱི་རྒན་པ་ཏི་ཤྲིའི་མཚན་གསོལ་ནས་བསྟན་པའི་བདག་པོ་མཛད་དེ། མེ་ཏོག་ར་བའི་སྡེ་ཆེན་པོར་བདེ་བར་གཤེགས་སོ། །བླ་མ་འདིའི་གཅུང་བླ་མ་ཆེན་པོ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཟེར་ཏེ། བླ་མ་འདི་ཉིད་ཡབ་དགུང་ལོ་ཞེ་དགུ་བཞེས་པའི་དུས་སུ་ལྕགས་ཕོ་ཁྱི་ལོ་ལ་སྐུ་འཁྲུངས་སོ། །འདི་ཉིད་གཞོན་ནུ་ནས་ཡབ་ཀྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྲགས་ཤིང་། ཁྱད་པར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སྨྲ་བའི་མཆོག་ཏུ་གྲགས་ཏེ།
འདིས་ཡེ་མུན་ཐེ་མུར་པ་པུ་ཆང་གུའི་གུང་གི་མིང་ཐོབ། འཇའ་ཡན་རྒྱལ་པོ་དང་། རིན་ཆེན་དཔལ་རྒྱལ་པོ། ཐོ་གན་ཐེ་མུར་རྒྱལ་པོ་གསུམ་གྱི་རིང་ལ་ཏི་ཤྲི་མཛད
དགུང་ལོ་བཞི་བཅུ་ཞེ་དགུ་ལ་ཕོ་བྲང་ཆེན་པོ་ཤང་མདོར་བདེ་བར་