[A:160]སུ། གོང་དུ་བྱོན་པས་ལམ་དུ་སྐུ་གཤེགས། བླ་མ་ཀུན་སྤངས་པའི་ལྕམ་མོ་ལ་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་སྤྲེའུའི་ལོ་ལ་འཁྲུངས་པ་ལ། བླ་མ་འཕགས་པའི་གོ་ས་གུ་ཤྲཱིའི་མཚན་བྱིན་ནས་བཞི་ཐོག་བཟུང་། སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་རྒྱལ་མཚན་དབང་ལ་སྲས་ལྕམ་སྲིང་བཞི་འཁྲུངས་པ་ལ། དབང་གི་བཙུན་མོ་གུང་ཐང་ཁབ་པའི་ལྷ་གཅིག་ཀུན་སྐྱོང་རྒྱལ་མོ་བྱ་བ་ལ་སློབ་དཔོན་མ་བསོད་ནམས་འབུམ་འཁྲུངས་སོ། །མ་གཅིག་པའི་དཔོན་མོ་དགེ་འདུན་འབུམ་ཞེས་བྱ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དེར་སློབ་དཔོན་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ། འདི་ཉིད་ཡབ་དགུང་ལོ་རྩ་ལྔ་བཞེས་པའི་དུས་སུ་ཆུ་ཕོ་སྦྲེའུའི་ལོ་ལ་སྐུ་འཁྲུངས་ཏེ། གོང་མའི་བླ་མཆོད་གྱི་རྒན་པ་ཏི་ཤྲཱིའི་མཚན་བོད་ནས་གསོལ་ཏེ། རྒྱ་ཡུལ་དུ་བྱོན། དགུང་ལོ་སུམ་ཅུ་རྩ་གཅིག་བཞེས་པ་སྟག་གི་ལོ་ལ་མེ་ཏོག་ར་བར་གཤེགས། དེའི་གཅུང་བར་པ་དེ་མཚན་མ་གསོལ་གོང་དུ་གཞོན་ནུ་ལ་གཤེགས། དེའི་གཅུང་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མེ་ཕོ་བྱི་བ་ལོ་ལ་སྐུ་འཁྲུངས་ཏེ། གོང་མས་ཐུགས་ལ་བཏགས་ནས་དབང་གི་མཚན་དམ་ཁ་བྱིན། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པ་ཡིན། དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་མེ་ཕོ་འབྲུག་གི་ལོ་ལ་སྟག་ཚང་རྫོང་ཁར་གཤེགས་སོ། །དྲུང་མཁས་བཙུན་ཆེན་པོའི་སྲས་བླ་མ་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་བས་གཙོ་མཛད། ད་ལྟ་ཞལ་