R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 167
[A:167]འཛིན་པ་ཡིན་ཟེར། ལྷ་ཁང་ཆེན་མོའི་ཐོག་ཅི་རིགས་ཕིབས་པ་ལ།དཔོན་ཆེན་གྱི་ངང་ལ་ས་སྐྱར་འདས། དེའི་རྗེས་སུ་ནང་གཉེར་བྱེད་པ་ཀུན་དགའ་བཟང་པོས་དཔོན་ཆེན་ལོ་དྲུག་བྱས་པའི་བར་ལ་རིན་ཆེན་སྒང་དང་། ལྷ་ཁང་བླ་བྲང་འདེབས་པའི་དོ་དམ། ལྷ་ཁང་དང་ལྕགས་རིའི་ཞབས་རྫོགས་པར་བཅུག ཀུན་དགའ་བཟང་པོས་ལས་ཀ་གཏད་པའི་བར་དེར། ཞང་བཙུན་དང་སྒང་དཀར་བ་གཉིས་ཀྱིས་ལས་ཀ་བྱས། འབྲུག་ལོ་ལ་བྱ་རོག་ཚང་ལ་ཁྲིམས་དམག་གིས་བསྐོར།ལུང་བཞིན་དཔོན་ཆེན་ཀུན་དགའ་བཟང་པོ་ཁྲིམས་ལ་སྦྱར། འདིའི་དུས་སུ་བླ་མ་ཆེན་པོ་ཡང་སྐུ་གཤེགས་པས། གོང་དུ་ཞུ་བ་ལ་ཉེ་གནས་གཞོན་དབང་བཏང་། དེའི་རྗེས་སུ་དཔོན་ཆེན་ལ་བྱང་རིན་བསྐོས་པའི་རིང་ལ་
ཤངས་རྟ་སོ་ཐང་དུ་གཡག་གིས་བས་བསད
སྭོན་ཝི་སའི་དམ་ཁ་དང་ཤེལ་གྱི་དམ་ཁ་ཡང་བྱུང་། དེ་ནས་དཔོན་ཆེན་ཀུན་གཞོན་དབང་།་འདིའི་རིང་ལ་དབྱེ་གསལ་ཆེན་མོ་དང་ཁྲིམས་ཀྱི་ཞིབ་ཆ་རྣམས་བྱས། དེ་ནས་དཔོན་ཆེན་བྱང་རྡོར། དེ་ནས་དཔོན་ཆེན་ཨ་གླེན།
འདི་གསུམ་གྱི་རིང་ལ་ས་འབྲི་འཐབ་མོ་བྱས
འདིའི་རིང་ལ་ས་སྐྱ་ལྕགས་རི་ཕྱི་མ་དང་དཔོན་པོ་རིའི་ལྕགས་རི་བཏབ། ཁང་གསར་གླིང་བྱས། དྭགས་པོ་ལ་སོགས་སུ་དམག་ཁྱེར།
ས་མཚམསཀྱི་བྲག་ལ་ཨག་ལེན་གྱི་མིང་བྲིས་འདུག་ཟེར
དེ་ནས་དཔོན་ཆེན་གྱི་ངང་ལ་རྒྱ་ཡུལ་དུ་བྱོན། དཔོན་ཆེན་ལ་གཞོན་དབང་བསྐྱལ་ནས་བསྐོས།
ལམ་དུ་འདས་ནས་ས་སྐྱར་མ་སླེབས
དེ་ནས་དཔོན་ཆེན་ལེགས་པ་