[A:170]དེའི་ཚེ་སིང་གྷ་གླིང་ནས་དགྲ་བཅོམ་པས་བསྐུར་བའི་མེ་ཏོག་དེ་བྱམས་ཆེན་གྱི་དབུ་ལ་བཞག་ཅིང་། དེ་བཞིན་གཤེགས་པའི་རིང་བསྲེལ་ཟ་མ་ཏོག་དང་བཅས་པ་ལོ་ཙྪ་བ་ལ་གནང་ནས། བྱམས་ཆེན་ཐུགས་ཁར་བཞུགས་སུ་གསོལ།
སྐབས་འདི་རྣམས་ཁྲོ་ཕུའི་རྣམ་ཐར་བཀའ་རྒྱ་མ་ལྟར་བྲིས
ལོ་དེ་ཉིད་ཀྱི་སྨིན་དྲུག་ཟླ་བ་ལ་པཎ་ཆེན་འཁོར་དང་བཅས་པ་མངའ་རིས་སྟོད་དུ་གཤེགས། ཆུ་མོ་བྱི་བའི་ལོ་ལ་སྤུ་རངས་སུ་བཞུགས་ནས། ཆོས་ཀྱི་རྒྱལ་པོ་སྟག་ཚའི་བླ་མ་མཛད་ཅིང་། དེ་ནས་རིམ་གྱིས་ཁ་ཆེར་བཞུད་དོ། །འདི་རྣམས་ཀྱི་སྐབས་སུ་ཁྲོ་ཕུའི་དཀར་ཆག་དང་བླ་རབས་འབྲི་བར་སྤྲོ་མོད་ཀྱི། ཡི་གེ་མང་བའི་ངོར་བཞག་གོ །བསོད་སྙོམས་པ་ཆེན་པོ་དེའི་རྣམ་ཐར་འཛིན་པ་ལ། ཇོ་དན་སྡེ་བཞི་བྱུང་བ་ཡིན་ཏེ། པཎ་ཆེན་དབུས་སུ་བྱོན་པའི་དུས་སུ།ཆུ་ཤུལ་ཀྲོག་མ་དགོན་པར་མི་བཅུ་གཅིག་བསྙེན་པར་རྫོགས་པར་བྱས་པའི་ནང་ནས་མཁན་པོ་རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་གཉིས་ཀྱིས་ཕྱག་ཕྱི་ལ་འགྲོ་ཞུས་པས། ཟུལ་ཕུར་ནམ་ཟ་འཕྲེད་གསོལ་ལ་འདུལ་བ་ཉོན་ལ་ཤོག་གསུངས་པས། ཟུལ་ཕུར་འདུལ་བ་བསླབས་ནས་བྱོན་པས། ཟུལ་ཕུ་བ་དང་ཚོགས་པ་འབྲེལ་ཟབ་པའི་རྒྱུ་མཚན་ཀྱངདེ་ཡིན། ཚོགས་ཆེན་པའི་མཁན་ཆེན་སེང་རྒྱལ་ཡར་བཅད་ཀྱི་ནངརྟེན་ཟུལ་ཕུར་བསྐྱལ
པཎ་ཆེན་གྱི་བླ་མཆོད་ཇོ་དན་གཙང་པོ་བ་བྱ་བ་ཡོད་པའི་ཕྱི་ལ་བཞག པཎ་ཆེན་རྒྱ་གར་དུ་འབྱོན་དུས་ཕྱག་ཕྱིར་འགྲོ་ཞུས་པས། རྒྱ་གར་གྱི་ཚད་པ་མི་ཐུབ། ཇོ་དན་གཙང་པོ་བ་བསོད་