R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 171
[A:171]ནམས་མཛེས
ལ་སྟེན་ལ་འདུལ་བ་ཤོད། དགེ་སློང་བཞི་སྡེ་རེ་དང་མ་བྲལ་བ་གྱིས་གསུངས་པས། དེ་ལྟར་མཛད། གཙང་པོ་བ་གཤེགས་པའི་རྗེས་ལ། སློབ་མ་སོ་སོར་བསྐྱངས་པས། ཇོ་དན་སྡེ་གཉིས་བྱུང་། རྡོ་རྗེ་དཔལ་གྱི་རྗེས་སུ་མཁན་པོ་སངས་རྒྱས་དཔལ། དེ་རྗེས་མཁན་པོ་འོད་ཟེར་དཔལ། དེ་རྗེས་མཁན་པོ་ཆོས་ཀྱི་རྒྱལ་མཚན། དེ་རྗེས་མཁན་པོ་སང་རིན། དེ་རྗེས་མཁན་པོ་བསོད་ནམས་དཔལ། དེ་རྗེས་མཁན་པོ་ཤེས་རབ་མགོན། དེ་རྗེས་མཁན་པོ་ཐུགས་རྗེ་དཔལ། དེ་རྗེས་མཁན་པོ་སེང་གེ་རྒྱལ་མཚན། དེ་རྗེས་མཁན་པོ་བསོད་ནམས་དབང་ཕྱུག་དེ་རྗེས་མཁན་པོ་བཀྲས་ཚུལ་ད་ལྟའོ། །ཡང་མཁན་པོ་སངས་རྒྱས་དཔལ་གྱི་རྗེས་སུ་གཞུ་པ་དཀོན་མཆོག་རྒྱལ་མཚན། དེ་རྗེས་མཁན་པོ་ཐུགས་རྗེ་དཔལ། དེ་རྗེས་མཁན་པོ་དར་མ་དཔལ། དེ་རྗེས་མཁན་པོ་ཀུན་དགའ་དཔལ། དེ་རྗེས་མཁན་པོ་ཚུལ་ཁྲིམས་དཔལ། དེ་རྗེས་མཁན་པོ་སང་གཞོན། དེ་རྗེས་མཁན་པོ་དར་མ་བཟང་པོ། དེ་རྗེས་མཁན་པོ་ཚུལ་ཁྲིམས་མགོན། དེ་རྗེས་མཁན་པོ་བསོད་ནམས་འོད་ཟེར། དེ་རྗེས་མཁན་པོ་རིན་ཚུལ། དེ་རྗེས་མཁན་པོ་བསོད་ཤེས། དེ་རྗེས་མཁན་པོ་ཤེས་རབ་མགོན་ད་ལྟ་བཞུགས། དེ་ལྟར་ཚ་མིག་པ་དང་། བྱེ་རྫིང་པ་གཉིས་ནི་མཁན་པོ་རྡོ་རྗེ་དཔལ་ནས་བརྒྱུད་པའོ། །མཁན་པོ་བྱང་ཆུབ་དཔལ་ལ་འགྲོ་མགོན་ཆོས་ཀྱི་རྒྱལ་པོས་བསྙེན་རྫོགས་མཛད་པའི་དུས། མཁན་སློབ་ལ་གོང་དུ་གདན་འདྲེན་བྱུང་ནས། ཁོང་རང་གི་སློབ་མ་རྣམས་སྐྱོང་བའི་དབུ་མཛད་ལ་མཁན་པོ་གཙང་པ་དབང་ཕྱུག་