[A:172]གྲགས་བསྐོས། ཁོང་རང་འདམ་བར་དུ་བྱོན། དེར་བླ་མ་ཆེན་པོ་བསྙེན་རྫོགས་མཛད་ཚར་ཟེར་བ་གསན་ནས། ལོག་ནས་ཟུར་དུ་བཞུགས་པས་གཉིས་སུ་གྱེས་པའི་མཁན་པོ་བྱང་ཆུབ་དཔལ་རང་གི་རྗེས་སུ་མཁན་པོ་བདེ་བ་དཔལ། དེ་རྗེས་མཁན་པ་ཀ་བཞི་པ་གྲགས་གཞོན།དེ་རྗེས་མཁན་པོ་བསོད་ནམས་གྲགས། དེ་རྗེས་མཁན་པོ་བསོད་ནམས་བཟང་པོ། དེ་རྗེས་མཁན་པོ་གཞོན་ནུ་མགོན། དེ་རྗེས་མཁན་པོ་གྲགས་པ་རྒྱལ་མཚན། དེ་རྗེས་མཁན་པོ་གྲགས་པ་བཤེས་གཉེན་ད་ལྟ་བཞུགས་པའོ། །ཡང་མཁན་པོ་གཙང་པའི་རྗེས་སུ་ཁོང་རང་གི་དབོན་པོ་གཞོན་བྱང་། དེ་རྗེས་ཁོང་རང་གི་དབོན་པོ་འདུལ་ཚད་པ་བྱང་ཆུབ་བཟང་པོ། དེ་རྗེས་མཁན་པོ་ཡོན་ཏན་རྒྱལ་མཚན། དེ་རྗེས་མཁན་པོ་དཔལ་གྲུབ་པ་ད་ལྟའོ།དེ་ལྟར་ཆོས་ལུང་པ་དང་། དགེ་འདུན་སྒང་པ་གཉིས་མཁན་པོ་བྱང་ཆུབ་དཔལ་ལས་བརྒྱུད་པའོ། དེ་ལྟར་ཚོགས་སྡེ་བཞི་ནི་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པ་ཡིན་ལ། སྤྱིར་བོད་ཀྱི་སྡོམ་བརྒྱུད་འདི་ལ། བཞི་ kun: =གཞི? ཐམས་ཅད་ཡོད་པར་སྨྲ་བ་ལས།སྡེ་པ་གཞན་རྣམས་ནི་བོད་དུ་བྱུང་བ་མེད། ཡང་དག་པར་རྫོགས་པའི་སངས་རྒྱས། ཤ་རིརི་བུ། སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཞེས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་ཟེར། དེས་སད་མི་མི་བདུན་ལ་སོགས་པ་མང་དུ་བྱུང་བ་ནི་བསྟན་པ་སྔ་དར་ཡིན་ལ། ཕྱི་དར་གྱི་མཁན་རྒྱུད་ལ། སྔ་རབས་པ་རྣམས་ལ་