R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 173
[A:173]བཞེད་ལུགས་མང་དུ་སྣང་སྟེ། སད་མི་མི་བདུན་གྱི་ནང་ནས་དབའ་རད་ན། ལི་སངས་རྒྱས་ཡེ་ཤེས། ཀ་བ་འོད་མཆོག་གྲགས།གཡོ་དགེ་འབྱུང་། གཙང་རབ་གསལ། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་གསུམ། འགའ་ཞིག་ཞི་བ་འཚོའི་སློབ་མ་ཀ་མ་ལ་ཤི་ལ། དེས་གཡོ་དགེ་འབྱུང་། དེས་བླ་ཆེན། དེས་ཀླུ་མེས་བཞེད་པ་གདའ།འགའ་ཞིག་དབའ་རད་ན། ལྷ་ལུང་རབ་འབྱོར་དབྱངས། དེས་བླ་ཆེན་ཞེས་བཞེད་པའང་གདའ། གཡོར་གྱི་མཁན་བུ་བླ་ཆེན་པོ། དེས་སྤང་གོང་ཡེ་ཤེས་གཡུང་དྲུང་། གྲུམ་ཨ་ཙ་ར་ཡེ་ཤེས་རྒྱལ་མཚན།དེས་དབུས་གཙང་གི་མི་ལྔའམ། དྲུག་གམ། བཅུར་གྲགས་པ་རྣམས་རབ་ཏུ་བྱུང་། འགའ་ཞིག་བླ་ཆེན་གྱིས་སྤང་གོང་དང་ངལ་བ་གནས་བརྟན་གྲགས་པ་གཉིས། དེ་གཉིས་ཀྱིས་གནུབས་གྲགས་ཤེ་དབལ་གྱི་དབང་ཕྱུག་དང་ཅོག་རོ་ཤེར་ཆུང་གཉིས། དེ་གཉིས་ཀྱིས་ཤེར་ཆུང་ཤེར་གྲགས་དང་གྲུམ་གཉིས། གྲུམ་གྱིས་དབུས་གཙང་གི་མི་ལྔར་འབྱེད་ན། ཀླུ་མེད་ཚུལ་ཁྲིམས་ཤེས་རབ་དང་། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་ཡེ་ཤེས་ཡོན་ཏན། ལོ་ཚོང་གཉིས་ཏེ་ལྔར་བཞེད། དྲུག་ཏུ་འབྱེད་ན། དབའ་རག་སྣོན། བཅུར་འབྱེད་ན། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན།གླན་ཤེས་རབ་འབར། དབའ་ཚུལ་ཁྲིམས་སྙིང་པོ། རག་ཤི་ཚུལ་ཁྲིམས་འབྱུང་གནས་ཏེ་དབུས་པ་ལྔ། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་ཁེ་ཤེས་རབ་སེང་གེ ཨུ་པ་ཏེ་དཀར། འོ་བརྒྱད་