[A:174]སྤུན་གཉིས་ཏེ་བཅུར་བྱེད། འགའ་ཞིགཀླུ་མེས། འབྲིང་། དབའ།རག ལོ་ཚོངསྟེ་དྲུག་གི་བླ་ཆེནལ་བླངས། གཞན་རྣམས་ཀྱིས་རྟིང་ལ་གྲུམ་ལ་བླངས་ཞེས་སྔ་ཕྱིར་བཞེད་པར་གདའ། སུམ་པ་ཡེ་ཤེས་བློ་གྲོས། གར་མི་ཡོནཏན་གཡུང་དྲུང་། དམར་ཤཱཀྱ་བྱང་ཆུབ་ལ་སོགས་པ་རྟིང་ལ་གྲུམ་གྱི་མཁན་བུ་ཡིན་པར་བཞེད། ཀླུ་མེས་ཀྱི་རྟིང་ལ་གྲུམ་ལུས་པ་ཡིན། གཞན་རྣམས་ཀྱིས་སྔོན་ལ་བྱོན་པའི་རྗེས་གློང་ཐང་དུ་ཟིན་ནས་སྡོང་ཡོང་པར་བཞེད་དོ་ཞེས་ཟེར་ཞིང་། དེ་ལྟར་བཞེད་ལུགས་མང་དུ་ཡོད་ཀྱང་། ཐམས་ཅད་མཁྱེན་པ་བུ་སྟོན་གྱི་ཆོས་འབྱུང་ཆེན་མོར་འཇད་ཀྱི་འགྱེལ་མི་གཙང་རབ་གསལ། བོ་དོང་པ། གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་ཏེ། བསྟན་པའི་རྩ་མི་གསུམ་གྱིས་མདོ་སྨད་དུ་བྱོན་པ་ལས། གཙང་རབ་གསལ་གྱིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ། བླ་ཆེན་པོས་དགེ་ཚུལ་མཛད། མཁན་སློབ་ལས་མིང་སྦྱར་དེ་དགེ་བ་རབ་གསལ་དུ་བཏགས། མཁན་སློབ་སྔ་མ་དང་། དམར་གྱི་གསང་སྟོན་བྱས་ཏེ་བསྙེན་པར་རྗོགས། དེ་ནས་ལོ་ལྔ་ལོན་དུས་སུ་དབུས་གཙང་གི་མི་བཅུས་སླེབས་ཏེ། གཙང་ལ་བཀའ་དྲིན་ཞུས་པས་ང་རྒས་པས་བུ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་གསུངས་ནས་ཞུས་པས། ང་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན། མཁན་པོ་མི་བཏུབ་གསུང་བ་ལ། གཙང་ན་རེ། དམིགས་བསལ་ལ་བཏུབ་གསུངས་ནས། བླ་ཆེན་གྱིས་མཁན་པོ་བྱས། གཙང་དང་གཡོས་ལས་སློབ་དང་གསང་