[A:175]སྟོན་བྱས། དམར་དང་ཧ་ཤང་གིས་ཁ་སྐོང་བྱས་ཏེ། ཐམས་ཅད་ཚིག་རྗོགས་བྱས་པར་བཞེད་དོ། །ཀླུ་མེས་ཀྱི་བུ་བཞི་ནི
ཀ་བ་བཞི་ཡང་ཟེར
གྲུམ་མེར་ཚུལ་འབྱུང་། ཐང་པོ་ཆེ་བཏབ།ཐང་སྐོར་ཟེར་
ཞང་སྣ་ནམ་རྡོ་རྗེ་དབང་། རྒྱལ་ལྷ་ཁང་རྩིག་ཞངསྐོར་ཟེར
རྡོག་བྱང་ཆུབ་འབྱུང་གནས་ཡེར་པ་བ་རང་བརྩིགས།རྡོག་ཚོ་ཟེར
གླན་ཡེ་ཤེས་ཤེས་རབརྒྱལ་གསེར་སྒང་བརྩིགས།གླན་ཚོ་ཟེར
སྟེ་བཞིར་གྲགས། གཟུས་ལ་སོགས་ལ་དཔག་ཏུ་མེད་ལ། གྲུམ་མེར་གྱི་མཁན་པོ་ཡབ་ཤུད་རྒྱལ་བ་འོད། དེས་སྦེ་སོ་ཀེར། དེས་གྲ་པ་མངོན་ཤེས། དེས་ཁྱུང་རིན་ཆེན་གྲགས། དེས་བྱ་འདུལ་བ་དང་སློབ་དཔོན་ཆ་པ་ལ་སོགས་པ་བྱས།རྩིབས་གཞོན་ནུ་སེང་གེ དཔལ་ལྡན་གྲོ། དེ་རྣམས་བརྒྱུད་པ་རྣམས་ལགས་སོ། །ཡང་ཀླུ་མེས། གླན་ཡེ་ཤེས་ཤེས་རབ། གླན་ཚུལ་ཁྲིམས་བྱང་ཆུབ། གླན་བསོད་གཞོན། གླན་འབྱུང་གནས་འབར། ཤཱཀྱ་སྲ་བ། ཡེ་ཤེས་གྲགས། ཁམས་པ་འབྲོག་ཆེན། བློ་གྲོས་གྲགས་པ་ལ་སོགས་པ་ནེ་པ་དང་རྒྱ་སར་སྒང་པ་རྗེས་འབྲེང་རྣམས་སོ། །ལོ་སྟོན་གྱི་མཁན་བུ་དབའ་ཡེ་ཤེས་དབང་པོ། རྨ་གསལ་བ་ཤེས་རབ། དེ་གཉིས་ཀྱི་རྒྱ་ལོ་སྒྱུར་བ། སྦལ་ཏི་ཇོ་སྲས། སྦལ་ཏི་དབོན་ཞིག་པོ་ཤེར་སེང་ལ་སོགས་པ་སྐྱོར་མོ་ལུང་པ་རྗེས་འབྲེང་དང་བཅས་པ་ལགས་སོ། །ཟུལ་ཕུའི་གདན་ས་བ་ནི་བྱ་འདུལ་གྱི་རྟིང་ལ།མཁན་པོ་ཆོས་ཀྱི་དབང་ཕྱུག དེ་རྗེས་ཆོས་ཀྱི་བྱང་ཆུབ། དེ་རྗེས་