R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 176
[A:176]ཆོས་གྲགས་དཔལ། དེ་རྗེས་ཆོས་ཀྱི་དཔལ། དེ་རྗེས་བྱང་ཆུབ་དཔལ་གྱིས་གདན་ས་ལོ་མང་དུ་མཛད་ནས་ད་ལྟ་ཟུར་ན་བཞུགས་སོ། །འདུལ་བ་སྟོད་དར་ནི། དྷ་ན་ཤི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱི་སློབ་མ།བལ་པོའི་པཎྜི་ཏ་ཤཱཀྱ་སེ་ན། དྷརྨ་པཱ་ལ། དེས་གྲ་དབྱི་ཕུའི་རླུང་ལོ་ཙྪ་བ། དེས་མདའི་སྐྱོགས་འདུལ་འཛིན། དེས་ཞང་ཞུང་འདུལ་བ་འཛིན་པ། དེས་ཞིང་མོ་ཆེ་བྱང་ཆུབ་སེམས་དཔའ། ལ་སྟོད་སིམ་ཚེར་འདུལ་གྲ་པ་རྗེས་འབྲེང་དང་བཅས་པ་ཡིན་ཏེ། ཉུང་ཤས་ལས་མེད་དོ། །འདུལ་བའི་བཤད་བརྒྱུད་ནི། སངས་རྒྱས། ཉེ་བ་འཁོར། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། ངྷི་ཏི་ཀ ནག་པོ་ལེགས་མཐོང་། བློ་གྲོས་མི་འབེས། ཡོན་ཏན་འོད། ཤཱཀྱ་འོད། ཆོས་ཀྱི་བཤེས་གཉེན་གཉིས། དེ་གཉིས་ཀྱིས་སེང་གེ་གདོང་ཅན། དེས་དྷ་ན་ཤི་ལ། ཛི་ན་མི་ཏྲ་གཉིས་ལ།དེས་ལྕོག་རོ་ཀླུའི་རྒྱལ་མཚན། དེས་གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ལ། དེ་གསུམ་གྱིས་བླ་ཆེན་པོ་ལ།དེས་གྲུམ་ལ་སོགས་ལ། གྲུམ་ལ་ཀླུ་མེས
སྡོམ་པ་གྲུམ་ལ་བླངས་ཀྱང་།འདུལ་བ་བླ་ཆེན་རང་ལ་གསན་པའང་ཡོད
ཀྱིས། དེས་གཟུས་རྡོ་རྗེ་རྒྱལ་མཚན། གཟུས་ལ་གཟུས་ཀྱི་བུ་བཞི་ནི། རོང་མཁར་སྦུག་གི་སྣེ་པོ་གྲགས་པ་རྒྱལ་མཚན། ཀ་ཆུའི་སྦོ་ཆུང་ཚུལ་ཁྲིམས་འབྱུང་གནས། འཛིམས་པ་ཤེས་རབ་འོད། རྒྱལ་གྱི་གླན་ཚུལ་ཁྲིམས་བྱང་ཆུབ་རྣམས་སོ་། །འཛིམས་པ་མ་གཏོགས་གསུམ་ལ་རྒྱས་གསན། ཁྱད་