R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 177
[A:177]པར་སྣེ་པོའི་སློབ་མ་ཡིན། ཡང་སྣེ་པོའི་སློབ་མ་སོག་ཚུལ་ཁྲིམས་བླ་མ། སྦོ་ཆུང་གི་སློབ་མ་ཉང་འཚམས་པ་རིན་ཆེན་བླ་མ། འཛིམས་པའི་སློབ་མ་ཀོ་ཁྱིམ་པ་ཡེ་ཤེས་བླ་མ་གསུམ་ལ་ཡང་རྒྱས་གསན་པས་རྒྱའི་བླ་མ་རྣམ་གསུམ་ཟེར་རོ།
རྒྱ་འདུལ་བ་འཛིན་པའི་མཚན་དངོས་ལ་དབང་ཕྱུག་ཚུལ་ཁྲིམས་ཟེར། རྒྱའི་སློབ་མ་རྨ་ཚོ་བྱང་རྡོར།བྱ་འདུལ། ཀྱི་ཕོ་ཚུལ་ཁྲིམས་འཕགས། ཤ་མི་ལ་སོགས་ཤིན་ཏུ་མང་ངོ
འདུལ་བ་སྟོད་དར་ནི། ངྷ་ན་ཤི་ལ། ཛི་ན་མི་ཏྲའི་སློབ་མ་བལ་པོ་ཤཱཀྱ་སེ་ན། དེས་ངྷརྨ་པཱ་ལ། དེས་གྲ་དབྱི་ཕུའི་རླུང་ལོ་ཙྪ་བ། དེས་སྐྱོགས་འདུལ་འཛིན། དེས་གཟུས་ཞེས་བཤད་དོ། །རྒྱ་འདུལ་གྱི་སློབ་མ་ཀྱི་ཕོ་ཚུལ་ཁྲིམས་འཕགས། ཚ་རོང་པ་འདུལ་འཛིན།རྨ་ཚོ་བྱང་རྡོར། བྱ་འདུལ་ཤ་མི་སྨོན་ལམ་འོད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འཆར་བ་དང་། ཟམ་རྩེ་བ་ལ་སོགས་པ་ནི་རྒྱ་ནས་བརྒྱུད་པའོ། །ཤ་མི་ནི་ཚ་རོང་པའི་སློབ་མའང་ཡིན། བྱ་འདུལ་རྨ་ཚོའི་སློབ་མའང་ཡིན། བྱ་འདུལ་ནས་བརྒྱུད་པ་རྩིབས་པ་གཞོན་ནུ་སེང་གེ་མྱང་སྟོད་མཁར་ལུང་ནས་བརྒྱུད་པ་རྣམས་དང་། སངས་རྒྱས་གཞུང་པ་དང་། ཨར་དགེ་བ་དང་། ནགས་མོ་དང་། རི་ཟན་རྡོག་པ་དང་།བཀྲ་ཤིས་སྒང་པ་དང་། ཇོ་དན་རྡོ་རྗེ་དཔལ་ནས་བརྒྱུད་པ་རྣམས་སོ། །བྱ་འདུལ་གྱི་རྒྱུད་པ་དཔལ་ཆེན་ཡེ་ཤེས་གཡུང་དྲུང་། དེའི་སློབ་མ་གཉན་སྟོན། དེའི་སློབ་མ་མཁན་པོ་ཤུན་པ། དེའི་སློབ་མ་ཞིག་པོ་ཤེས་རབ་ཡེ་ཤེས་པ་ལ་སོགས་པ་དགའ་བ་གདོང་པ་བྱ་འདུལ་ནས་