[A:18]ལ། དེས་ཀུ་མ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བྷ་སུ་བན་དྷུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་པར་བཤད་དོ། །ཆོས་འབྱུང་ཆེན་མོ་ལས། ། སྙིང་རྗེ་ཆེན་པོ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞུས་པའི་ལན་དུ། ཀུན་ད་གའ་བོ་དང་དགེ་སློང་འོད་སྲུངས་ཁྱོད་གཉིས་ཀྱིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ་ཞེས་དང་། ཡང་བྱང་ཕྱོགས་ཀྱི་རྒྱུད་དུ་གྲོང་ཁྱེར་ངྷོ་མཆོག་ཅེས་པར་ཁྱིམ་བདག་རལ་པ་ཅན་ཞེས་བྱ་བ་འབྱུང་། དེས་ངའི་ལུས་དང་ཉན་ཐོས་རྣམས་མཆོད་པར་གྱུར་ཏེ་བསྐལ་པ་སྟོང་ནས། བསྐལ་པ་བཟང་བྱེདལ་བཀོད་པ་ཆེན་པོས་ལེགས་པར་བརྒྱན་པའི་འཇིག་རྟེན་དུ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ་ཞེས་མངའ་བདག་རལ་པ་ཅན་ལུང་བསྟན་ནོ། །དེ་ལྟར་ན་བསྟན་པ་འཛིན་པའི་གང་ཟག་མང་པོས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དོ། །ཁྱད་པར་དུ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་བསྟན་པ་བསྐྱངས་ཏེ།མྱ་ངན་ལས་མི་འདའ་བར་ཐུབ་པའི་གསུང་སྒྲུབ་ཅིང་བསྟན་པ་སྐྱོང་བར་བྱེད་དོ། །སྐབས་འདིར་ཡི་གེ་མང་བ་ལ་འཇིགས་པ་ལ་མི་བལྟ་བ་རྣམས་ཀྱིས་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་། གྲུབ་ཆེན་བརྒྱད་ཅུ་དང་། གནས་བརྟན་བཅུ་དྲུག་གི་ལོ་རྒྱུས་ལ་སོགས་པ་དཔག་ཏུ་མེད་པ་བསྣན་དུ་ཡོད་དོ། །དེ་ལྟ་བུའི་བསྟན་པ་དེ་དུས་ཇི་ཙམ་ཞིག་གནས་སྙམ་ན། ལུང་དང་མཁས་པ་རྣམས་ཀྱི་བཞེད་པ་མི་