R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 17
[A:17]བསྡུ་བ་གཉིས་པ་བྱས་སོ། །གསུམ་པ་ལ། ལུང་ན་མིད་པས་མི་མཐུན་པ་ཁ་ཡར་སྣང་གསུངས་ཀྱང་སྟོན་པ་འདས་ནས་ལོ་གསུམ་བརྒྱ་ན་ཁ་ཆེའི་ཡུལ་དུ་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ཏེ། གྱེས་པ་བཅོ་བརྒྱད་བཀར་བསྒྲུབས་སོ། །དེ་ཡར་བཅད་ཡི་གེར་བྲིས་པ་མེད་ཅེས་ཟེར་ཞིང་། ཁ་ཅིག་ནི་བསྡུ་བ་སྔ་མ་གཉིས་ལའང་ཡི་གེར་བྲིས་པར་བཞེད། གཉིས་པ་ཐེག་ཆེན་གྱི་ལུགས་ནི།་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་ས་བྷ་བ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་་་་་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ།ཕྱག་རྡོར་གྱིས་མདོ་སྡེ་འདུས་སོ་ཞེས་གྲག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ནས་བསྟན་པའི་གཏད་རབས་ནི། འོད་སྲུངས་ཀུན་དགའ་ཤ་ནི་གོས་ཅན་དང་། །ཉེ་སྦས་བྷཱི་ཏི་ཀ་དང་ནག་པོ་དང་། །ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། །འདུལ་ཕྲན་ཚེགས་ནང་ནས་འབྱུང་བ་ཡིན། ལང་ཀར་གཤེགས་པ་ལས། བདེ་གཤེགས་མྱ་ངན་འདས་ནས་ནི། ཡང་དག་བསྟན་པ་སུ་ཞིག་འཛིན་ཞེས་སོགས་ཀྱི་འགྲེལ་པར། ཐུབ་པ་ནས་བྷཱིཏི་ཀའི་བར་ལུང་དང་འདྲ་བ་ལས། དེས་བི་བྷ་ག་ལ། དེས་བཙུན་པ་བུངྷ་ནན་ཏི་ལ། དེས་བུངྷ་མི་ད་ལ། དེས་སློབ་མ་དགེ་སློང་རྩིབས་ལ། དེས་པུ་ན་ཤ་ཏ་ལ། དེས་ངྷ་སྐད་ལ། དེས་མ་ན་ཤི་ལ།དེས་ཀླུ་སྒྲུབ་ལ། དེས་ཨརྱ་དེ་བ་ལ། དེས་ར་ཧུ་ལ་ལ། དེས་སམྒྷ་ནམ་ཏི་ལ། དེས་དགེ་སློང་དགྲ་བཅོམ་པ་ལ། དེས་གྷ་ལ་ཤ་