R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 25
[A:25]བྱུང་བས་སྐད་ཅིག་བཏོན་པ་དང་། དམག་དཔོན་གྱིས་བཞོན་པའིརྟ་དེས་ཀྱང་སྐད་ཅིག་བཏོན་ཏེ། པཎྜི་ཏ་དེ་གད་མོ་གཅིག་ཤོར་བ་ལ། དམག་དཔོན་གྱིས་ཅི་ཡིན་དྲིས་པས། རྒོད་མ་དེའི་རྟེའུ་གཅིག་རྩྭ་ཟ་བ་དང་ཆུ་འཐུང་བ་ལ་འགོར་ནས་ལུས་ཡོད། དམག་མང་པོའི་ནང་དུ་ལམ་ནོར་དོགས་ཡོད། ང་འདི་ལ་སོང་བས་ལམ་མ་ནོར་བར་ཕྱི་ཟིན་པར་ཤོག་ཟེར་གྱི་འདུག་ཟེར། དེ་ལའང་དམག་དཔོན་ཡིད་ཆེས་རང་མེད་ནའང་ཡུད་ཙམ་ཞིག་ན་ལམ་གྱི་ལོགས་ན་རྟེའུ་གཅིག་རྩྭ་ཟ་ཡིན་འདུག དམག་དཔོན་གྱི་རྟ་དེས་སྐད་ཅིག་བཏོན་པ་དང་། རྟེའུས་ཀྱང་སྐད་ཅིག་བཏོན་ནས་དེ་མ་ཐག་སྦང་བཏང་སོང་། དེ་ལ་དམག་དཔོན་གྱིས་དམག་ཐམས་ཅད་ལམ་འབྱེད་དུ་བཅུག མའི་མདུན་དུ་སླེབས་པས་དམག་དཔོན་ཡིད་ཆེས། དེ་ནས་ཉིན་གཅིག་རི་མཐོན་པོ་གཅིག་གི་འདབས་སུ་ཞག་ས་བྱས་པ་ལ་པཎྜི་ཏའི་ཚིག་གིས་རང་རེ་འདིར་ཞག་ཏུ་མི་ཉན། དོ་ནུབ་ནམ་ཕྱེད་ན་ཆུ་ལོག་བྱུང་ནས་དམག་རྣམས་ཆུས་ཁྱེར་ཉེན་ཡོད་ཟེར་བས།དམག་ཐམས་ཅད་བཏེག་ནས་ས་ལེ་བར་བཅུ་ཙམ་གྱི་སྣར་བབས་པ་དང་། དེ་ནུབ་ཆུ་ལོག་བྱུང་ནས་རི་དེའི་ཉེ་འཁོར་ཐམས་ཅད་མཚོར་གྱུར། དེ་ནས་དམག་དཔོན་དེ་ཇོ་བོ་ཤཱཀྱ་དང་། པཎྜི་ཏ།སངས་རྒྱས་ཀྱི་རིང་བསྲེལ་གསུམ་ལ་ཡིད་ཆེས་ཤིང་དད་པ་ཐོབ། དེ་ནས་དམག་དཔོན་རྒྱལ་པོའི་དྲུང་དུ་འགྲོ་བར་ཆས་པ་ལ། བསི་ཙིན་རྒྱལ་པོ་སྐུ་གཤེགས། རྒྱུད་ཆད་ནས་སྔར་གྱི་ཆིང་སང་དེས་རྒྱལ་