[A:26]པོ་བྱས་འདུག་ཟེརཔ་ཐོས་ནས་དམག་དཔོན་གྱིས་རང་གི་དམག་ཁྲི་ཚོ་བཞི་བཅུ་ཁྲིད་ནས་། བསི་ཆོན་དང་། ཅེཅུ་མཁར་ཉི་ཤུ་རྩ་བཞིའིརྒྱལཔོ་བྱས། དུས་ཕྱིས་དམག་དཔོན་རྒྱལ་པོ་དེའི་རྒྱུད་པའི་ལག་ནས་ཆིང་སང་རྒྱལ་པོ་དེའི་རྒྱུད་པས་ཇོ་བོ་ཤཱཀྱ་དང་། རིང་བསྲེལ་པཎྜིཏ་རྣམས་ཅང་ཧུརགདན་དྲངས། བཀུར་སྟི་བསམ་གྱིས་མི་ཁྱབ་པ་བྱས། པཎྜིཏ་དེ་ལ་བཙུན་མོ་བཅུ་ཐམ་པ་ཡོད་པས། དགེ་འདུན་རྣམས་ལ་མོས་པ་ལ། ཉིན་གཅིག་གན་ངྷེ་བརྡུངས་ནས་དགེ་འདུན་རྣམས་ཆོས་སྟོནལ་འཚོགས་པའི་དུས་སུ། པཎྜི་ཏ་དེས་དགེ་འདུན་རྣམས་ལ་གྲོ་མ་དྲངས་པར། ཁབ་སྡེར་མ་རེ་བཀྱེ། དེ་དགེ་འདུན་རྣམས་ཀྱིས་ཟ་བར་མ་ནུས་པ་དང་། པཎྜི་ཏ་དེ་ན་རེ།ཁྱེད་དགེ་འདུན་གཙང་མ་རྣསས་ཀྱིས་ཁབ་ཟ་བར་མི་ནུས་ན་ང་བསླབ་པ་མི་གཙང་བས་ཟ་བར་བྱ་ཟེར་ནས་ཁབ་ཐམས་ཅད་ཟོས་ནས་འཇུ་བས། དགེ་འདུན་རྣམས་ཀྱི་མ་དད་བཟློག ཕྱིས་པཎྜི་ཏ་དེའིསློབ་མ་ཅེ་ཧུ་ཧྭ་ཤང་ཞེསཔ་ཡོན་ཏན་ཅན་གཅིག་བྱུང་བ་ལ། རྒྱལཔོ་ཧ་ཅང་དད་ཆེས་ནས་བཙུན་མོའི་འཁོར་ལ་གཡེར་བར་གྱུར་པས་།བཙུན་མོ་ཆེ་ཁྲོས་ཏེ་མོ་རང་གི་ལྷམ་ཡ་གཅིག་ཅེའུ་ཧྭ་ཤང་གི་གདན་གྱི་འོག་ཏུ་བཅུག་ནས་རྒྱལ་པོའི་དྲུང་དུ་ངུ་བཞིན་ཕྱིན། པཎྜི་ཏ་འདིས་བདག་ལ་ལོངས་སྤྱོད་དུ་བྱུང་བ་ལ་བད་ག་གིས་མ་ཉན་པས་བདག་གི་ལྷམ་ཡ་གཅིག་ཕྲོགས་ཏེ་ཁྱེར་བྱས་པ་དང་། རྒྱལ་པོ་དེ་ལ་ཡིད་ཆེས་མ་སྐྱེས་ཀྱང་། བློན་པོ་རྣམས་ཀྱིས་བལྟར་ཕྱིན་པ་དང་།