[A:24]བྱུང་། བསི་ཙིན་རྒྱལ་པོའི་དུས་སུ་རྒྱ་གར་གྱི་པཎྜི་ཏ་རྒན་པོ་གཅིག་གིས་རྒྱལ་པོ་ལ་རྒྱ་གར་དང་ལྗང་ཡུལ་གྱི་བར་རྒྱལ་ཁམས་ཆུང་ངུ་གཅིག་ན། སྔར་སངས་རྒྱས་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་དུ་བྱོན་པའི་དུས་སུ་བཞེངས་པའི་ལྷ་སངས་རྒྱས་དགུང་ལོ་དྲུག་གི་སྐུ་ཚད་ཇོ་བོ་ཤཱཀྱ་དང་སངས་རྒྱས་ཀྱི་རིང་བསྲེལ། ཀུ་མ་ར་ཤྲི་ཞེས་པའི་པཎྜི་ཏ་མཁས་པ་གཅིག་ཡོད། དེར་རྒྱལ་ཁམས་ཆུང་བས་འགྲོ་དོན་མི་འཕེལ་བར་འདུག ཁྱོད་ཀྱིས་དམག་བཏང་ནས་བླངས་པར་སོང་ན་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ཟེར་བས། རྒྱལ་པོ་དེ་ལ་བློན་པོ་ཞིང་གི་ཆིང་སང་གཅིག་དང་།་ཆུ་མི་དབེན་གྱི་དམག་དཔོན་གཅིག་ཡོད་པ་ལ། དམག་ཁྲི་ཚོ་བཞི་བཅུ་ཐམ་པ་བསྐུར་ནས་ས་ཆ་དེར་བཏང་།སླེབས་པའི་དུས་སུ་ས་ཆ་དེའི་རྒྱལ་པོའི་ཚིག་ལ་ཁྱོད་དང་ངེད་འཁོན་ནི་མེད། དམག་འདི་ཙམ་ཡོང་བ་ཅི་ཡིན་ཟེར་བ་ལ། ཇོ་པོ་ཤཱཀྱ་དང་།སངས་རྒྱས་ཀྱི་རིང་བསྲེལ། པཎྜི་ཏ་གསུམ་འདོད་མི་བསྐུར་ན་དམག་རྡེག་པ་ཡིན་བྱས་པས། ཇོ་བོ་ཤཱཀྱ་དང་རིང་བསྲེལ་དངོས་སུ་ཡོད་པས་བསྐུར། པཎྜི་ཏ་དེ་ན་ནིང་ནས་འདས། དེའི་བུ་ལོ་བཅོ་བརྒྱད་འགྲོ་བ་ཀུ་མ་ར་ཤྲི་ཆུང་པ་ཟེར་བ་གཅིག་བསྐུར་བ་ཡིན་ཟེར་ནས་བསྐུར།དེ་རྣམས་ཁྱེར་ནས་དམག་དཔོན་དེ་ཕྱིར་ལོག སངས་རྒྱས་ཀྱི་རིང་བསྲེལ་ཡང་བདེན་པ་ཨེ་ཡིན་མི་ཤེས། བྱིས་པ་འདི་ལའང་ཅི་ཡང་མི་ཉན་ཟེར་ནས་བཀུར་སྟི་ཆེན་པོ་མ་བྱས་པ་ལ། ཉིན་གཅིག་ཁོང་རྣམས་རྟ་བཞོན་ནས་ཡོང་གི་ཡོད་པའི་ལམ་དུ། རྟ་རྒོད་མ་གཅིག་