R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 27
[A:27]པཎྜི་ཏ་དེའི་མལ་འོག་ནས་བཙུན་མོའི་ལྷམ་རྙེད་དེ་ཉེས་པ་ཅན་དུ་བྱས་ནས་པཎྜི་ཏ་དེའི་མགོ་བཅད་པས། ཁྲག་འོ་མར་གྱུར་ཅིང་།པཎྜི་ཏས་རང་གི་མགོ་བོ་ལག་པས་བླངས་ནས་སྐེ་ལ་སྦྱར་ཏེ་གཙུག་ལག་ཁང་དུ་ཕྱིན་ནས་འཁོར་མང་པོ་ལ་ཆོས་བསྟན་ཏེ། མགོ་བོ་རང་གི་པང་དུ་ལྷུང་ནས་ཚེའི་དུས་བྱས་སོ། །ཆིང་སང་གི་རྒྱུད་ཆད་ནས་སུའི་གཡང་དི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་བྱུང་། དེའི་མངའ་འོག་ན་ཐང་ཀའོ་ཛུང་ཞེས་པ་ཐའི་ཡང་ཧུའི་གླེའུ་ཤུ་བྱེད་ཅིང་ཡོད་པས་ངོ་ལོག་བྱས་ནས་རྒྱལ་ས་ཕྲོགས། དེ་ནི་ཐང་གི་རྒྱལ་པོའི་ཐོག་མ་ཡིན།དེའི་བུ་གསུམ་ཡོད་པའི་འབྲིང་པོ་ཐང་ཐའི་ཛུང་རྒྱལ་པོའི་དུས་སུ་ཐང་ཟམ་ཛང་ཞེས་པའི་ལོ་ཙཱ་བས་རྒྱ་གར་ནས་ཆོས་མང་དུ་བསྒྱུར།དེ་ཡན་ཆད་ལ་རྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང་། ཐང་ཟམ་ཛང་དེ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཐང་གི་དུས་སུ་ཟོན་གླུ་པྲིད་ཞེསཔ་འདུལ་བ་འཛིན་པ་ཆེན་པོ་གཅིག་ཡོད་པ་རི་མཐོན་པོའི་ཟུར་ནས་གཡང་དུ་ལྷུང་པ་ལ། ལྷའི་བུ་གཅིག་གིས་བར་སྣང་ལས་བཟུང་ཏེ་གནད་པར་མ་གྱུར། ལྷའི་བུ་དེ་སུ་ཡིན་དྲིས་པ་ལ།བདག་རྒྱལ་པོ་གནམ་སྲས་ཀྱི་བུ་གཉིས་པ་ཡིན། ངེད་སྤུན་བཅུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་སྲུང་བར་དམ་བཅའ་བ་ལ། བདག་འདུལ་བའི་སྡེ་སྣོད་སྲུང་བ་ཡིན་ཟེར། ཟོན་གླུ་པྲིད་ང་རྒྱལ་སྐྱེས་ནས་འཛམ་བུའི་གླིང་ན་ང་དང་མཉམ་པའི་འདུལ་བ་འཛིན་པ་ཇི་སྙེད་ཅིག་ཡོད་དྲིས་པ་ལ། ཁྱོད་