[A:28]དང་མཉམ་པ་གངྒའི་ཀླུང་གི་བྱེ་མ་སྙེད་ཡོད་ཟེར། གསང་སྔགས་ཀྱི་ཆོས་འདི་ཡང་དག་པ་ཡིན་ནམ་མ་ཡིན་དྲིས་པ་ལ། གསང་སྔགས་འདི་ཡང་དག་པ་ཡིན་ཞིང་། ལྕང་ལོ་ཅན་གྱི་ཕྲོ་བྲང་ན་གསང་སྔགས་ཀྱི་ཆོས་རྣམས་བཞུགས་པ་ལ། ངའི་ཕུ་བོ་ཛམ་བྷ་ལ་ནག་པོས་སྲུང་མ་བྱེད་ཅིང་ཡོད། ང་ཡང་ཕོ་བྲང་དེའི་ནང་དུ་འགྲོ་བར་མི་དབང་།གསང་སྔགས་ལ་མ་དད་པ་སྡིག་ཤིན་ཏུ་ཆེ་བས་བཤགས་པ་གྱིས་ཟེར།པཎྜི་ཏ་ཀུ་མ་ར་ཤྲི་དེ་གང་ཟག་ཇི་ལྟ་བུ་ཞིག་ཡིན་དྲིས་པས། དེ་ནི་མཐོང་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན། ད་ལྟ་དགའ་ལྡན་དུ་པདྨའི་སྙིང་པོ་ལ་རྫུས་ཏེ་སྐྱེས་ནས་བྱམས་པ་ལ་ཆོས་ཉན་གྱིན་ཡོད་ཟེར། ཐང་ཟལ་ཚང་ཇི་འདྲ་བ་ཡིན་དྲིས་པས། དེ་ནི་སྦྱོར་ལམ་ལ་གནས་པ་ཡིན་པས། ད་ལྟ་དགའ་ལྡན་ན་ར་བའི་ཕྱི་རོལ་ན་བྱམས་པའི་གསུང་ཐོས་ཤིང་སྐུ་མི་མཐོང་བར་ཡོད་ཟེར་རོ་ཞེས་པ་རྒྱའི་དེབ་ཐེར་རྙིང་པ་ལས་ཛམ་བྷ་ལ་སྟོ་ཤྲི་མགོན་གྱིས་མཐོང་བ། རྒྱ་བོད་ཀྱི་ཚུལ་སྨྲ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་ལྷ་སའི་གཙུག་ལག་ཁང་དུ་ཡི་གེར་བྲིས་པ་ཡིན། རྒྱ་ནག་གི་ཙན་དན་ཇོ་བོའི་ལོ་རྒྱུས་འདི་ལ་ཆོས་རྗེ་ཁུ་དབོན་ཐུགས་མི་སྟོན་པར་བསམས་ཏེ། གཏམ་རྒྱུད་འདིའི་ལུགས་ཀྱིས་སེ་ཆེན་རྒྱལ་སར་བྱོན་ནས་ལོ་ཕྱེད་དང་གསུམ་འགྲོ་བ་དང་། སྟོན་པ་འདས་ནས་ལོ་ཉིས་སྟོང་དང་བཅུ་གསུམ་སོང་བ་དུས་མཉམ་ཟེར་བ་ལ། ཆོས་རྗེ་པས་རྗེ་བཙུན་པ་ཞི་བར་གཤེགས་པའི་ཆོས་འཁོར་གྱི་དུས་སུ་ལོ་སུམ་སྟོང་སུམ་བརྒྱ་ཞེ་