[A:33]རྒྱལ་པོའང་སྤྱན་ཆབ་མང་པོ་བྱུང་ཞིང་། མཁར་དེ་ལ་གཏོགས་པའི་ཉེས་པ་ཅན་རྣམས་ཐར་དུ་བཅུག་ནས། ལོ་གཅིག་གི་བར་དུ་ཁྲལ་དང་དམག་ལ་སོགས་འདབ་ནོར་གང་ཡང་མེད་དུ་བཅུག་གོ།མཁར་དེའི་མིང་ཡང་སྤོས་ཏེ། ཀིང་ཤིང་ཧེན་ཞེས་བྱ་བར་བཏགས་སོ། །དེ་ནས་ཀོང་ཇོ་བོད་ཡུལ་དུ་སླེབས་ནས། ས་མཁར་ཆེན་པོ་བཟུང་ཏེ། ཕོ་བྲང་རྩེ་ལ་བསྡད་པ་ཡིན་ལ། ཀོང་ཇོ་སྐྱེལ་མི་གཡང་གྱུའི་ཕྱིར་ལོག་པ་དང་། རྒྱའི་རྒྱལ་པོས་ཀོང་ཇོ་བོད་ཡུལ་དུ་བར་ཆད་མེད་པར་ཐེངས་པའི་གཏང་རག་ལ་ཤེན་ཅེའུའི་མི་དཔོན་ལ་བསྐོས་པ་ཡིན། ཕྱིས་ཀྱང་བོད་ཀྱི་གསེར་ཡིག་པ་ལན་མང་དུ་བཏང་ནས། ཁ་ལ་རང་རེ་མཐུན་པར་བྱེད་ཟེར་ཡང་། ཞེ་ལ་ཤིན་ཏུ་གནག་པར་བྱུང་། ཕྱིས་བོད་ཀྱི་རྒྱལ་པོས་གཡང་གྱུའི་ལ་ཟོག་མང་པོ་རྒྱའི་རྒྱལ་པོའི་རྩར་བསྐུར་ནས། མི་ཉག་གི་ཡུལ་ཆེན་པོ་དགུ་ཡོད་པདེ་ཀོང་ཇོ་ལ་གནང་བར་ཞུ། ས་ཆ་དེ་རྩྭ་ཆུ་བཟང་བས་དེར་ངེད་ཀྱི་རྟ་ནོར་འཇོག་ས་ཡིན་ཞུས་པ་དང་། རྒྱལ་པོས་གནང་ནས་མི་ཉག་གི་ཡུལ་ཐམས་ཅད་བོད་ཀྱིས་བཟུང་། ལྕགས་མོ་སྦྲུལ་གྱི་ལོ་ལ་ཀིང་ཤིང་རྐོང་ཇོ་ཁའི་དབེན་ཉི་ཤུ་རྩ་བདུན་པ་ལ་འདས་པ་ཡིན། བོད་ཡུལ་དུ་ལོ་སུམ་ཅུ་སོ་གཅིག་བཞུགས་ཤིང་། ཐང་གི་རྒྱལ་ཁམས་དེ་ཡར་བཅད་ལ་ལོ་བརྒྱ་དང་བཅུ་དྲུག་སོང་ཞེས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། དབོན་ཞང་ཐུགས་མ་མཐུན་པར་དམག་ཁྱེར་མང་དུ་བྱས། ཞང་རྒྱ་ཚ་ལྟ་སྣང་ལ་སོགས་པ་མངགས་ནས་ཤིན་