R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 35
[A:35]གིས་ངོ་ལོག་ནས་རྒྱལ་པོ་བྱས། ཇུ་འུན་ཟེར་བས་བློན་པོ་བྱས།རྟིང་ལ་ཇུ་འུན་གྱིས་ཐང་ལ་ངོ་བལྟས་ནས། ཆུ་མི་དབེན་གྱི་དམག་དཔོན་བྱས། རྟིང་ལ་ངོ་ལོག་ནས་རྒྱལ་ས་ཕྲོགས་ཏེ་མྱང་རྒྱལ་པོ་ཞེས་པའི་རྒྱུད་བྱུང་། དེ་ལ་སོགས་རུས་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ་ལ་རྒྱལ་པོ་བཅོ་ལྔ་བྱུང་ནས། ལོ་ལྔ་བཅུ་པ་རྒྱལ་ས་བྱས། དེའི་རྗེས་སུ་ཅེའུ་ཐའི་ཛུ་ཞེས་པའི་རྒྱལ་པོ་ལ་སྤེན་ལང་གི་ས་ཆར་རྒྱལ་རབས་བརྒྱད་བྱུང་། རྒྱལ་རབས་བརྒྱད་པ་ཤང་ཧྭང་ཕ་བུ་གཉིས་ཀྱི་ལག་ནས་ཆི་ཏན་ཏའི་གླེའུ་ཞེས་པས་སྤེན་ལང་ལ་སོགས་རྒྱལ་ཁམས་ཕྱེད་ཕྲོགས། རྒྱལ་ཁམས་དེ་ལ་གླའི་གླེའུ་ཟེར། ཤང་ཧྭང་གི་ཞ་གོན་མའི་བུ་ཁང་དབང་ཞེས་པས་སྨན་རྩེའི་ཡུལ་དུ་སོང་ནས་ཕའི་ཤུལ་གྱི་རྒྱལ་ཁམས་ཕྱེད་པོ་བཟུང་ནས་ཀྱེང་ཁང་ཧྭང་ཇི་ཧུ་རུ་བསྡད། རྒྱལ་ཁམས་དེ་ལ་གསུང་ཟེར། དེ་ནས་རྒྱལ་པོ་སྨན་ཙེ་ལྷ་བཙུན་གྱི་བར་དུ་རྒྱལ་རབས་བརྒྱད་སྨན་རྩེར་བྱུང་། ཆི་ཐན་ཏའི་གླེའུའི་རྒྱལ་རབས་བདུན་བརྒྱད་ཀྱི་རྗེས་སུ་བློན་པོ་ཆེ་བ་ནུའི་ཇི་ཞེས་བྱ་བས་རྒྱལ་ས་བླངས། དེའི་རྒྱལ་རབས་ལ་ཨ་ཏན་ཁ་ཟེར། རྒྱལ་ཁམས་ལ་ཏའི་གིམ་ཟེར། རྒྱུད་པ་དགུ་བྱུང་། རྒྱལ་པོ་དགུ་པ་ཧུ་དབང་གི་དུས་སུ། ཇིང་གི་རྒྱལ་པོ་དང་། ཨོ་གོ་ཏའི་རྒྱལ་པོ་བྱུང་ནས་གིམ་གྱི་རྒྱལ་ཁམས་བླངས། སེ་ཆེན་རྒྱལ་སར་བཞུགས་ནས། ཅི་དབེན་ལོ་བཅུ་གསུམ་པའི་དུས་སུ། སྨན་རྩེའི་རྒྱལ་ཁམས་གཡེའུ་ཆུའི་རྒྱལ་སར་བསྡད་ནས་ལོ་གསུམ་སོང་བ་ལ། བ་ཡན་ཆིང་སང་གི་དཔུང་གིས་