[A:36]རྒྱལ་ཁམས་བླངས་ཏེ། རྒྱལ་པོ་ས་སྐྱར་བཏང་ནས་ལྷ་བཙུན་བྱས།རྟིང་ལ་གེ་གན་རྒྱལ་པོའི་དུས་སུ་བསད་པས་ཁྲག་འོ་མར་བྱུང་། ཧོར་གྱི་རྒྱལ་ཁམས་ལ་ཏའི་དབེན་ཟེར་ཞེས་པ་ཛམ་བྷ་ལ་སྟོ་ཤྲི་མགོན་གྱིས་སྨྲས་པ་བྲིས་པའོ། །སྔོན་མི་ཉག་གི་ཡུལ་ཐམས་ཅད་རྒྱའི་རྒྱལ་པོའི་མངའ་འོག་ན་ཡོད་པ་ལ། བྱང་ངོས་དང་གྷའི་བར་ལ་སྨོན་ཤྲི་ཞེས་པའི་རི་ལ། གཞི་བདག་གའི་ཧུ་ཞེས་པ་ཡོད་པས། ཉིན་གཅིག་གི་ཚེ་བྱང་ངོས་ཀྱི་མཁར་ནང་ན། བུད་མེད་གཅིག་གི་སར་རྟ་དཀར་པོ་དཔོན་གཡོག་བདུན་བྱུང་ནས། དཔོན་དང་འགྲོགས་པ་ལས། ལོ་གཅིག་ནང་དུ་སྐྱེས། དེའི་དུས་ན་སྔོན་མེད་པའི་སྐར་མ་ཤར་བས། རྒྱའི་རྩིས་པ་རྣམས་ཀྱིས་མཁར་འདིར་རྒྱལ་པོའི་སྲིད་འཕྲོག་པའི་ཟླ་གཅིག་སྐྱེས་འདུག་བྱས་པ་དང་། ད་དུང་རྩིས་གྱིས་ལ་བུ་ཚ་དེ་ཚོལ་ཅེས་བསྒོས་པས། རྒན་མོས་བུ་ཚ་དེ་ས་ཀྱོང་མོ་ཞིག་ཏུ་སྦས། སྤང་ལེབ་ཀྱིས་ཁ་བཅད། དེའི་སྟེང་དུ་ཆུ་ཕོར་གང་བཞག་པས། རྩིས་པ་རྣམས་ཀྱིས་རྩིས་པ། མཚོ་ཆེན་པོའི་འོག་ན་ཤིང་གི།ས་གཞིའི་འོག་ན་འདུག་ཟེར་བས། འཚོལ་མ་ཐུབ་ནས་མཁར་གྱི་ནང་དུ་ལོ་གཉིས་ཚུན་ཆད་ཀྱི་བུ་ཚ་ཐམས་ཅད་གསོད་ཅེས་ལུང་བསྒྲགས་ནས་བུ་ཚ་ཀུན་བསད་པ་ལས། རྒན་མོ་དེས་བུ་ཆུང་ཤི་བར་བྱས། རོ་སྒམ་དུ་བཅུག་ནས་ངུ་བཞིན་ཕྱིར་ཁྱེར་ཕྱིན་པས་ཆུའི་དཀྱིལ་གྱི་རྩྭ་མཐུག་པོའི་ནང་དུ་བསྐྱུར་བས།་ཉིན་དེ་བཞིན་བྱ་རྒོད་གཅིག་བྱུང་ནས་བུ་ཆུང་མི་འཁྱག་པར་བྱས། རྒན་མོ་གཞན་གཅིག་