R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 37
[A:37]ལ་བ་བཞོན་མ་གཅིག་ཡོད་པས། ཉིན་དེ་བཞིན་བུ་ཆུང་དེའི་རྩར་རྩྩར་ཕྱིན་གྱིན་འོ་མ་སྟེར་བ་ལས། ཉིན་གཅིག་རྒན་མོ་དེས་བའི་རྗེས་ལ་ལ་ལྟར་ཕྱིན་པ་དང་། བ་དེས་བུ་ཚ་དེ་ལ་འོ་མ་སྟེར་བ་མཐོང་། བུ་ཚ་དེ་ཁྱད་པར་ཅན་གཅིག་ཡིན་པར་ཤེས་ནས་བུ་དོད་བྱས། རུས་པ་ངོ་སྣུའི་ཞེས་བྱ་བར་བཏགས། བོད་སྐད་དུ་བསྒྱུར་ན། བ་ལ་འོ་མ་འཐུངས་པ་ཞེས་ཟེར། བྱིས་པ་དེས་ལོ་བདུན་ལོན་ནས་ན་མཉམ་གྱི་བྱིས་པ་བདུན་བཙལ་ནས་བྱང་ངོས་ཀྱི་གངས་རིའི་གསེབ་ཏུ་བྲོས་ཏེ་ངོ་ལོག་བརྩམས། རི་དེ་ལ་ཤིང་འཐུ་བའི་སྐྱེས་པ་ཐམས་ཅད་བཟུང་ནས་དམག་མི་བྱས། བུ་ཚ་དེས་བྱང་ངོས་ཀྱི་མཁར་ནང་དུ་ཤེས་རབ་ཡུན་གྱི་མི་ལ་ངོ་ལོག་བརྩམ་པའི་ཐབས་འདྲིར་སོང་བས། རྒྱའི་རྒན་མོ་གཅིག་གིས་ཐབས་བསླབས་པ། ཟླ་འདིའི་ཚེས་བཅོ་ལྔའི་ཉིན་དམག་གྱིས་ལ་ཤོག རྟ་ལྕག་དང་། རྟ་སྦང་མང་པོ་ཚོལ་ལ།རྨ་ཆུའི་ནང་དུ་སྐྱུར། དེ་ནས་རྒྱ་རྒྱལ་པོའི་དམ་ཁ་ཡོང་བའི་ཐབས་ངས་བྱེད་ཟེར། ཚེས་བཅུ་བཞིའི་ཉིན་རྒན་མོ་དེས་ལྕགས་རིའི་སྟེང་དུ་ངུ་བཞིན་བྲང་བརྡུང་གིན་ཕྱིན་པས་རྒྱལ་པོས་དེ་ཅི་ཡིན་འདྲིར་བཏང་བས། ལྷ་དབང་པོ་བརྒྱ་བྱིན་གྱི་ལུང་གིས་མི་ཉག་གི་རྒྱལ་པོ་གཅིག་བསྐོས་ཡོད། རང་རེ་ངོ་མ་མ་བལྟས་ན། རྒྱའི་མི་གཅིག་ཀྱང་ལུས་པ་མི་ཡོང་། སང་ཉིན་དམག་བསམ་གྱིས་མི་ཁྱབ་པ་ཡོང་བ་ཡོད་ཟེར། དེའི་རྒྱུ་མཚན་ཅི་ཡིན་དྲིས་པས། ཁྱེད་རྣམས་སང་སྔ་རྨོར་རྨ་ཆུ་ལ་ལྟོས་དང་། རྟ་ལྕག་དང་རྟ་སྦང་ལྷུང་པས་ཆུ་མདོག་