R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 39
[A:39]པའི་ས་ཆ་དེར་ལྷ་ཁང་བཞེངས། རྒྱལ་རྒོད་གསོད་མི་ཚང་མ་བརླག་པར་བྱས། གེ་གན་རྒྱལ་པོ་ལ་ངན་བྱེད་མི་ཆི་གིས་ཐི་མུར་ཡང་བསི་ནུའི་གཞན་དུ་སྐྱེས་པ་ཡིན་ཞེས་པ་མི་ཉག་ཙན་རྩེ་ཤེས་རབ་ཡེ་ཤེས་ཀྱིས་སྨྲསསྨྲས་པ། གཙུག་ལག་ཁང་གཉིས་པ། སི་ཏུ་དགེ་བའི་བློ་གྲོས་ཀྱིས་ཡི་གེར་བཀོད་པ་ཡིན། འདི་ལ་རྒྱའི་རྒྱལ་པོ་ཅེའུ་ཐའི་ཛུང་སྤུན་གཉིས་ཀྱིས་ལོ་སུམ་ཅུ་རྒྱལ་ས་བཟུང་བའི་རྗེས་སུ་སི་ཧུ་རྒྱལ་པོ་བྱུང་ཞེས་པ་དང་། སི་ཧུ་རྒྱལ་པོ་ནས་མི་ཉག་གི་རྒྱལ་པོ་བཅུ་གཉིས་བྱུང་། ལོ་ཉིས་བརྒྱ་དྲུག་ཅུར་རྒྱལ་ཁམས་བཟུང་། དེ་ནས་རྒྱལ་ས་ཧོར་ལ་ཤོར་ཞེས་པའང་གཏམ་རྒྱུད་འགའ་རེ་ན་སྣང་། རྒྱ་ནག་ཏུ་བསྟན་པ་བྱུང་བ་དང་།་བོད་དང་འབྲེལ་བའི་སྐབས་སོ།།