[A:40]གསུམ་པ། གཉའ་ཁྲི་བཙན་པོ་སོགས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་གདུང་རབས་དང་དེ་རྣམས་ཀྱི་མཛད་པའི་སྐོར། བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ཀྱི་འབྱུང་ཁུངས་ནི་འཇིག་རྟེན་དུ་མིའི་འགྲོ་བ་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཆོས་རྒྱལ་མང་པོས་བཀུར་བ་ཡིན་ཏེ། དེའི་གདུང་རྒྱུད་ལ་ཚེ་ལོ་བརྒྱ་ཁྲི་པའི་དུས་ཡར་བཅད། སྐྱོ་ཤས་ཆུང་བའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱོན་ནས་སེམས་ཅན་གྱི་དོན་བྱས། བསྐལ་པ་མར་འགྲིབ་ཀྱི་དུས་སུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱོན་ནས་སེམས་ཅན་གྱི་དོན་མཛད་པས། གཞན་པས་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། མི་མ་ཡིན་གྱི་བུ་དང་རྒྱལ་ཕྲན་འགའ་ཞིག་གི་ཆེ་བ་ཅུང་ཟད་ཙམ་ལ་གང་ཟག་གིས་སྒྲོ་བཏགས་ནས་བརྗོད་པ་ལྟ་བུ་རྣམས་ལྟ་ཞོག ལྷ་འམ་ཀླུ་ལ་སོགས་པ་འགྲོ་བ་གཞན་གྱིས་རྒྱལ་པོའི་ཡང་འགྲན་ཟླར་གྱུར་པ་མ་ཡིན་ཏེ། དེ་རྣམས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱོན་པ་མེད་པས་སོ། །དེ་ལྟ་བུའི་གདུང་རྒྱུད་ཁྱད་པར་ཅན་བོད་དུ་བྱོན་ཚུལ་ནི།བཀའ་ཆེམས་ཀ་ཁོལ་མར་ཤཱཀྱ་རི་བྲག་པའི་རྒྱུད་པ་ལས། རྒྱལ་པོ་