[A:50]ཉེས། ལྟོ་གོས་ཀྱིས་ཉོན་མོངས་སམ་བྱས་པས། མོ་ན་རེ། ལྟོ་གོས་ཀྱིས་ཉོན་པ་མིན་ཏེ། ང་རང་གི་ཡུལ་གྱི་ཟས་གཅིག་ཡོད་པ་དེ་འདི་ན་མེད་པས་ལན་པ་ཡིན་པ་འདྲ་ཟེར། འོ་ན་དེ་ལེན་ལ་ཟོ་བྱས་པས། གཡོག་མོ་དམ་པ་གཅིག་ལེན་དུ་བཏང་། མོས་སྦལ་བ་མང་པོ་མར་དུ་བཙོས་ནས་མཛོ་དང་། རྟ་ཁལ་དུ་བཀལ་ནས་བྱུང་།མོས་དེ་རྣམས་མཛོད་དུ་སྦས་ཤིང་ཟོས་པས། མཛེས་ཤིང་བཀྲག་མདངས་ལྡན་པར་གྱུར་པ་དང་། རྒྱལ་པོའི་ཐུགས་དགོངས་ལ།དེ་ཟས་རུང་བ་གཅིག་ཡོད་པ་ལྟ་ཡོད། ངས་ཀྱང་བཟར་རུང་ངོ་སྙམ་ནས། བློན་པོས་གྲོས་བཏབ་ཀྱང་མ་ཉན་ཏེ། བཙུན་མོ་རྒྱལ་སྲིད་ཉུལ་བ་ལ་བཏང་ནས། ལྡེ་ཚབ་ཀྱིས་སྒོ་ཕྱེ་ནས། སྦལ་བའི་རོ་མང་འདུག་པ་མཐོང་བས་རྒྱལ་པོ་རྣམ་རྟོག་སྐྱེས་ཏེ། མི་དང་མ་ཕྲད་བདུད་མོ་ཞིག་དང་ཕྲད་དོ་སྙམ་པ་བྱུང། བཙུན་མོ་དེ་ལ་སྲས་གཅིག་བལྟམས་པ་ཡང་དམུས་ལོང་གཅིག་བྱུང་། མིང་ཡང་དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་པར་བཏགས། རྒྱལ་པོ་ལ་ཡང་བསྙུན་དུ་མཛེ་བྱུང་སྟེ། ཡབ་ཡུམ་གཉིས་བློན་པོ་གཉགས་ཐང་བ་ཡར་རྗེ་དང་གསུམ་ཀ་གསོན་པོ་དུར་དུ་བཞུད་དེ། སྲས་ལ་ཞལ་ཆེམས་བཞག་པ་ནི། བསམ་པ་བཟང་པོ་གསེར་དང་འདྲ་བས་ཏེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་གྱིས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོ། །མི་ཆོས་རྟོག་པ་ཡིན་གྱིས་རྣམ་རྟོག་སྐྱུངས། །ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བ་ལ་མཆོད་པ་གྱིས། འ་ཞའི་ཡུལ་ནས་