[A:52]ཕན་ལྔ་གསུམ་རྣམས་ཀྱིས་བྱས། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་ནས་རྩིས་དང་སྨན་བྱུང་། རྒྱ་དང་གྲུ་གུ་བཏུལ། ཉང་སྦས་གནོན་དང་གསུམ་མངའ་འོག་ཏུ་བཅུག སྐུ་མཁར་ཁྲ་བརྩིགས་འབུམ་རྟུགས་ཞེས་བྱ་བ་བ་དམར་མོའི་འོ་མས་འགྲུས་པའི་འཇིམ་པས་བརྩིགས།དམུས་རེ་ལོང་བ་ཁྲིད་དེ་བྲག་གསུམ་རིང་མའི་མཚོ་འགྲམ་ནས་རྟ་འདོ་བ་ཅང་བཙལ་བས་རྙེད་ནས་རྒྱལ་པོའི་ཕྱིབས་པ་བྱས། སྦྲང་དགའ་པོ་དང་དམུ་དཔུང་རྒྱ་རིང་པོ་ཞེས་བྱ་བའི་གྱད་མི་གཉིས་ཀྱིས་ཞབས་ཏོག་བྱས་ཏེ། ཕུང་གཡག་ཐལ་དཀར་རུ་རིང་ཞེས་བྱ་བའི་འབྲོང་ན་ལེ་བོང་ཟན་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལས་ལན་ཚ་རྙེད་དོ། །གནམ་རི་སྲོང་བཙན་མཆད་པ་དོན་མཁར་མདའ་རུ་བརྩིགས།གྲལ་ནི་ཟུང་བཙན་གཡོན་ན་ཡོད། དེ་ནས་ཕུལ་སྐྱེད་བརྩིགས་པས་སོགས་མཁར་ཡོད་། མིང་ཡང་གུང་རི་་སོ་ཁ་ལ་སོགས་སྐད། དེ་ཡན་ཆད་ཀྱི་ལོ་བཟུང་བས་སྤྱི་གྲངས། རྗེ་གཉའ་ཁྲི་བཙན་པོ་ནས་གདུང་རབས་ཉི་ཤུ་རྩ་བདུན་མན་ཆད་ལ་ལོ་དྲུག་བརྒྱ་དྲུག་ཅུ། དམ་ཆོས་དབུ་བརྙེས་པ་ཐོ་ཐོ་རི་སྙན་བཙན་ནས་གདུང་རབས་ལྔའི་བར་ལ་ལོ་བརྒྱ་དང་ལྔ་བཅུ་ལོན་པ་ཡི་གེ་རྙིང་པ་ན་བཤད་ཡོད་དོ། །ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་རྒྱལ་པོ་ཆེན་པོ་སྲང་བཙན་སྒམ་པོ་སྟེ། མེ་མོ་གླང་གི་ལོ་ལ་ཕོ་བྲང་བྱམས་པ་མི་འགྱུར་གྱི་གླིང་དུ་སྐུ་འཁྲུངས་ནས་ལོ་བཅུ་གསུམ་ན་ཡབ་འདས་པའམ་ཡང་ན་ཡབ་ཉིད་ཀྱིས་རྒྱལ་སར་བསྐོས་