[A:53]ཏེ་དགུང་ལོ་བཅུ་གསུམ་ལ་རྒྱལ་སར་དབང་བསྐུར། དགེ་བ་བཅུའི་ཁྲིམས་བཅས་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས། ཆབ་སྲིད་ལོ་དྲུག་ཅུ་རྩ་དགུ་བཟུང་། འརི་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་ཏེ། བལ་མོ་ནི་ཁྲོ་གཉེར་ཅན་གྱི་སྤྲུལ་པ། ཇོ་མོ་བལ་མོ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཏེ། ཐུགས་དམ་དུ་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། རང་བྱོན་ཙན་དན་གྱི་ཇོ་མོ་སྒྲོལ་མ་རྣམས
ད་ལྟ་ར་མོ་ཆེ་ན་བཞུགས
ཤིང་ཕོ་རྟའི་ལོ་ལ་ཕོ་བྲང་དམར་པོ་རིར་ཕྱགས་ཕེབས། ཤིང་མོ་ལུག་གི་ལོ་ལ་དམར་པོ་རི་རྒྱང་གྲགས་བཞིས་སྐོར་བ། དཔངས་སུ་དགུ་ཐོག་བརྩེགས་པ། མཁར་དགུ་བརྒྱ་གོ་དགུ་དང་བཅས་པ་བརྩིགས། མེ་ཕོ་སྤྲེའུའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ལ་འཕགས་པ་སྒྲོལ་མའི་སྤྲུལ་པ། རྒྱ་ནག་སྐོང་རྩེ་འཕྲུལ་ཆུང་གི་སྲས་མོ་ཀོང་ཇོསལྷ་སའི་རྡོ་རིང་གི་ཡི་གེ་བ་མུན་གོང་ཀོང་ཇོ་ཟེར་བ་འདུག
ཐུགས་དམ་དུ། ཇོ་བོ་རིན་པོ་ཆེ་ཤིང་རྟའི་སྟེང་དུ་བཞུགས་སུ་གསོལ་ནས། མདོ་སྡེ་བཞི་ཧྭ་ཤང་དང་པཅས་པ་ར་མོ་ཆེར་ཕྱགས་ཕེབས། ས་ཕོ་ཁྱིའི་ལོ་ལ་འོ་ཐང་གི་མཚོ་བསུབས།ས་ཕོ་ཕག་གི་ལོ་ལ་འཕྲུལ་སྣང་གི་རྨང་བཏིང་། བོད་ཀྱི་ལྷ་སྲིན་གདུག་པ་ཅན་གྱིས་ཉིན་བརྩིགས་པ་ནུབ་བཤིག་པས། ཁྲ་འབྲུག་ལའདི་བོད་ཀྱི་ལྷ་ཁང་རྩིག་པ་ལ་སྔ་བ། འཇིམ་པ་ལས་བརྩིགས་པ་ཡིན
སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་