R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 54
[A:54]བརྩིགས་ཏེ། རྒྱལ་པོ་སྤྲུལ་པ་སྐྱེས་ནས། ལྷ་སའི་འོག་ཁང་ཉིན་ཞག་གཉིས་ལ་ཚར། སྟེང་ཁང་རྣམས་བལ་མོ་བཟས་ལོ་སྐོར་གཅིག་ལ་ཞབས་སུ་བྱོན་པར་བྱས་ཤིང་། རྒྱལ་པོ་ཉིད་ཀྱིས་སྔར་རྒྱ་རྗེ་ལ་ཁས་བླངས་པ་ཆད་བཙན་པ་དང་། རྒྱའི་སོ་ཁ་ཕྱིར་འཕུལ་ཕྱིར་རྒྱ་ནག་པོར་བྱོན་ནས་རྒྱའི་ཡུལ་དང་། ཕྱིར་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐ་མ་རབ་སྒང་བརྩིགས་ཏེ། ཡོངས་རྗོགས་ལྷ་ཁང་ཞེས་བྱའོ།།རྒྱས་པར་ཇོ་བོ་ཆེན་པོ་བོད་དུ་བྱོན་པའི་དུས་སུ། ལྷ་སའི་ཀ་བ་ནས་ཇོ་བོ་ཉིད་ཀྱིས་བཏོན་པའི་རྒྱལ་པོའི་བཀའ་ཆེམས་ཀ་ཁོལ་མར་གྲགས་་པ་ཡོད་པས་དེར་ལྟོས་ཤིག དེ་ཡང་ཐོག་མ་ཉིད་དུ་ཁྲ་འབྲུག་བཞེངས་པ་ཡིན། དེ་ལ་དགོས་སུ་བཀའ་ཆེམས་ཟུར་པ་གཅིག་ཡོད་དོ། །གཞན་ཡང་རྒྱ་གར་གྱི་སློབ་དཔོན་ཀུ་མ་ར་དང་། བྲམ་ཟེ་ཤམ་ཀ་ར།ཁ་ཆེ་ཏ་ནུ་ཏ་ལ་སོགས་པ་སྤྱན་དྲངས། ཐོན་མི་སམ་བྷོ་ཊས་ལོ་ཙྪ་བྱས་ཏེ་མདོ་ཟ་མ་ཏོག་ལ་སོགས་པ་བསྒྱུར་པ་ཡིན་ལ། ཡིག་ཚང་འགའ་ཞིག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་ཟེར། མདོར་ན་བོད་ཡུལ་དུ་དཀོན་མཆོག་གསུམ་གྱི་རྟེན་བཙུགས། ཁྱད་པར་དུ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། རྒྱལ་པོ་ཉིད་ཀྱིས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གསུམ་མདོ་དང་། མདོ་སྐོར་དང་། སྒྲུབ་སྐོར་དང་། ཞལ་གདམས་ཀྱི་བསྐོར་རོ། །ལོ་རྒྱུས་ཆེན་མོ་ལ་ལེའུ་བཞི་ཅུ་རྩ་བཞི། ཟ་མ་ཏོག་གི་གཟུངས། ཕྱག་སྟོང་སྤྱན་གྱི་གཟུངས་གཉིས་སོ། །ཐུགས་རྗེ་