[A:57]བཙན་སྒམ་པོ་དང་འབྲོ་ཟ་ཁྲི་མོ་འབྲིང་སྙེངས་ཀྱི་སྲས་གུང་སྲོང་གུང་བཙན། བློན་པོ་ཉང་མང་པོ་རྗེ་ཞང་སྣང་དང་༑ གནུབས་བཙན་ཏོ་རེས་བྱས། ལོ་བཅུ་གསུམ་ལ་རྒྱལ་སརབཞུགས། ཆབ་སྲིད་ལོ་ལྔ་བཟུང་སྟེ། བཅོ་བརྒྱད་ལ་འདས། སླར་ཡང་ཡབ་ཀྱིས་རྒྱལ་ས་བཟུང་སྐད། གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེན་ལགས་སོ་སྐད། །རྗེ་དེ་དང་འ་ཞ་ཁོ་འཇོ་མོང་རྗེ་ཁྲི་དཀར་ཏི་ཤགས་ཀྱི་སྲས་མང་སྲོང་མང་བཙན་མེ་ཕོ་ཁྱི་ལ་འཁྲུངས། ལོ་བཅུ་གསུམ་ལ་མེས་སྲོང་བཙན་འདས་ནས་རྒྱལ་སར་བཞུགས། མགར་སྟོང་བཙན་ཡུལ་སྲུང་དང་། མཆིམས་མང་གཉེར་གྱིས་བློན་པོ་བྱས།ལོ་བཅོ་བརྒྱད་སྲིད་བཟུང་སྟེ། དགུང་ལོ་ཉི་ཤུ་རྩ་བདུན་ལ་གཙང་གི་བར་སྣང་ཞེས་བྱ་བར་འདས་སྐད། མང་སྲོང་བང་སོ་གཡོན་ན་ཡོད།མིང་ནི་སྔོ་བཞེར་ཧྲལ་པོ་ཞེས་བྱ་བ་ལགས། རྗེ་དང་འབྲོ་ཟ་ཁྲི་པ་ཁྲི་མ་ལོད་ཀྱི་སྲས་འདུས་སྲང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་སྟེ།མ་བལྟམས་པ་ནས་ཡབ་འདས། ཆུ་ཕོ་བྱི་བའི་ལོ་ལ་སྒྲགས་སུ་བལྟམས་ཏེ། དེ་ཉིད་དུ་མངའ་གསོལ། མགར་བཙན་གཉའ་ལྡོམ་བུ་དང་། དབས་སྟག་ར་ཁོང་ལོད་གཉིས་ཀྱིས་བློན་པོ་བྱས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་བཟུང་ནས། ལྗང་གི་ཡུལ་དུ་འདས་ཏེ།སྤུར་གཉེར་ཡང་ཅོག་ཀྲུང་ཁོང་ཁྲི་ཞེས་བྱ་བས་བགྱིས་སྐད་དོ།།རྒྱལ་པོ་འདིའི་རིང་ལ་བོད་དུ་རོལ་མོའི་རྣམ་གྲངས་མང་པོ་འབྱུང་བའི་