[A:58]སྔ་ལྟས་སུ་རྩལ་པོ་ཆེ་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག རྔོག་གླིང་ཁམ་གྱིས་གཡག་གྲུས་པོ་ཆེ་ཐེགགནོན་རྒྱལ་མཚན་གྱིས་མདའ་མདེའུ་ཁ་མས་བྱ་ཁྲ་སྐེད་པ་བཅད།དབས་རྒོད་ལྡོང་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གངགིས་སླེབས། མགོ་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་ནས་ཀླད་ལ་སྐོར་ནུས། ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་ལ་དཀྱུས་པ་གྱེན་ལ་འཐེན་ནུས། གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་རྣམས་བྱུང་། འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད་། །མིང་ནི་སེང་གེ་བརྩེགས་པ་ཅན་ནོ་སྐད།།བང་སོ་འདི་ལྕགས་རིས་སྐར་ནས་ཡོད་དེ། ཧོར་གྱི་མི་སྡེས་བརྩིགས་སྐད་དོ། །རྗེ་དེ་དང་མཆིམས་བཟའ་བཙན་མེ་ཏོག་གི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་བ་དེ་ལྕགས་ཕོ་འབྲུག་གི་ལོ་ལ་ཕོ་བྲང་ལྡན་མཁར་དུ་སྐུ་འཁྲུངས། དེའི་ལོ་རྒྱུས་ལ། ཡབ་འདས་ནས་མངའ་གསོལ། བློན་པོ་དབས་སྐྱེས་བཟངས་སྟོངབཙན་དང་། མཆིམས་རྒྱལ་གཟིགས་བྲུ་ཏིང་། འབྲོ་ཆུང་བཟངས་འོར་མང་གསུམ་གྱིས་བྱས། དེ་ཡང་མེས་སྲོང་བཙན་གྱིས་ད་སྟེ་གདུང་རབས་ལྔ་ནང་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་བྱུང་ཞེས་བཀའ་བསྩལ་བ་དེ་ང་ཡིན་སྙམ་དུ་དགོངས་ནས།བྲན་ཀ་མུ་ལེ་ཀ་ཤོ་དང་གཉགས་ཛྙ་ན་ཀུ་མ་ར་གཉིས་ཕོ་ཉར་བརྫངས་ཏེ། གངས་ཏེ་སེ་ལ་པཎྜི་ཏ་སངས་རྒྱས་གསང་བ་དང་། སངས་རྒྱས་