R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 56
[A:56]འཚེང་པར་འགྱུར་རོ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །དེ་ནས་རྒྱལ་རབས་འགའ་ཞིག་ན། །དམ་ཆོས་མེ་སྟག་ཙམ་ཞིག་བྱུང་ཞེས་པ་དང་། ཡང་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། མར་མེ་འཆི་ཁར་འོད་ནི་གསལ་བ་བཞིན། ཟབ་མོའི་དོན་རྣམས་ཤིན་ཏུ་གསལ་བར་འགྱུར་ཞེས་ལ་སོགས་པ་ལུང་བསྟན་མང་དུ་མཛད་ནས། ཡི་དམ་གྱི་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོའི་ཐུགས་ཁར་སྟེང་ཞལ་གསུམ་ཀ་འོད་དུ་ཞུ་ནས་ཐིམ་སོ། །དེ་མ་ཐག་ནས་ཐུགས་རྗེ་ཆེན་པོའི་ཐུགས་ཁ་ནས།འོད་ཟླ་བ་ཉ་གང་བ་ཙམ་ཞིག་ཤར་བས་ཕྱི་ནང་ཐམས་ཅད་གསལ་བར་བྱས། དེས་སྐུལ་ནས་རྟ་མགྲིན།
དཀར་མོ་བར་ཁང་གི་ནུབ་ལོགས་ལ་ཡོད
སྒྲོལ་མ།
བར་ཁང་གི་ལྷོ་ངོས་ལ་ཡོད
སྨན་རྒྱལ།
འོག་ཁང་དང་ལྷའི་མདུན་ན་ཡོད
བྱམས་པ།
ཆོས་འཁོར་ཡིན
མི་བསྐྱོད་པ།
ར་མོ་ཆེའི་ཇོ་བོ
མར་མེ་མཛད།
བློ་བུར་གཡས
སྣང་བ་མཐའ་ཡས།
མི་འགྲོ་གསུང་བྱོན་ཡིན
སྨེ་བརྩེགས་
སྒོ་འགྲམ་ཀྱི་ལྡེ་གུ
རྣམས་ལས་ཀྱང་འོད་ཟེར་འཕྲོས་པས། འོད་ཟེར་འཕྲོས་པའི་ལྷ་བརྒྱད་དུ་གྲགས་པ་ད་ལྟ་ལྷ་ས་ན་མངོན་སུམ་དུ་བཞུགས་སོ། །སྲོང་བཙན་བང་སོ་འཕྱོང་པོའི་མདའ་རུ་བརྩིགས། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སྐད་དོ། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །བང་སོ་གྲུ་བཞིར་བརྩིག་པ་དེ་ན་བྱུང་། །མིང་ཡང་སྨུ་རི་དམུག་པོ་ལགས་སོ་སྐད། །རྒྱལ་པོ་སྲོང་