R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 59
[A:59]ཞི་བ་སྤྱན་འདྲེན་དུ་བཏང་པས་པཎྜི་ཏ་སྤྱན་མ་འདྲོངས་ཏེ། ཐེག་པ་ཆེན་པོའི་མདོ་ལྔ་བློ་ལ་བཟུང་ནས་ཡོང་སྟེ། ཡི་གེ་བྲིས་ནས་གླེགསབམ་ལྔ་བཞེངས་པའི་བཞུགསཁང་དུ། བྲག་དམརའགྲནབཟངས།བྲག་དམར་ཀ་རུ། ལྷ་ས་མཁར་བྲག འཆིང་བུ་ནམ་རལ།མལ་གོང་གི་ལྷ་ཁང་དང་ལྔ་བཞེངས་སུ་གསོལ། རྒྱ་ཡུལ་ཀོང་ཤི་ནས་མདོ་གསེར་འོད་དམ་པ། འདུལ་བ་རྣམ་འབྱེད་བསྒྱུར། དེའི་རིང་ལ་སྐུ་མཁར་འཕྱིང་བ་སྟག་རྩེ་ནས་གཡུ་རྡོག་ཆེན་པོ་གཅིག་ཀྱང་རྙེད་དོ། །བཙུན་མོ་ལྗང་མོ་ཁྲི་བཙུན་ཁབ་ཏུ་བཞེས་བས་རྒྱལ་བུ་གཅིག་འཁྲུངས་པ་ལ། མིའི་བུ་མི་འདྲ་བ་ལྷའི་སྲསའདྲ་པ་གཅིག་བྱུང་བས། མིང་ལྗང་ཚ་ལྷ་དབོན་དུ་བཏགས་སོ། །དེ་ལ་བོད་ན་ཁབ་ཏུ་འོས་པ་མེད་པས། རྒྱ་རྗེ་ཝི་ཇུང་གི་སྲས་མོ་ཀོང་ཇོ
ལྷ་སའི་རྡོ་རིང་ལ་གྱིམ་ཤང་ཀོང་ཇོ་བྱ་བ་འདུག
ལེན་དུ་བརྫངས་པ་ལས་ཀོང་ཇོ་མ་སླེབས་པར། གཉགས་ཀྱི་བུ་མོ་མ་བླངས་པར་ཀོ་ལོང་བྱས་ཏེ་གཉགས་ཁྲི་བཟངས་ཡང་དོན་གྱིས་རྒྱལ་བུ་དཀྲོངས་ཟེར། ལྗང་ཚ་ལྷ་དབོན་བང་སོ་ཡབ་ཀྱི་མདུན་ཟླུམ་པ་དོག་ཏུ་བརྩིགས་ནས་ཡོད་སྐད་།ཡབ་དང་ཀོང་ཇོ་འདུས་པ་ལས། རྒྱལ་བུ་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས་དགུང་ལོ་ཉི་ཤུ་རྩ་གསུམ་ལ་ཡབ་ཡར་འབྲོག་སྦལ་ཚ་ན་ཁར་འདས་སོ། །ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་ཞེས་བྱ་ལགས། །དེའི་སྲས་རྒྱལ་ཆེན་ཁྲི་སྲོང་ལྡེ་བཙན་ནི། ལྕགས་ཕོ་རྟའི་