R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 60
[A:60]ལོ་ལ་དཔྱིད་བྲག་དམར་དུ་སྐུ་བལྟམས། རྒྱལ་རབས་འགའ་ཞིག་ནས་བཅུ་གསུམ་ལ་ཡབ་འདས་མ་ཁད་སྲིད་བཟུང་ཞེས་བྱུང་ཡང་།དབའ་བཞེད་དུ་དགུང་ལོ་བརྒྱད་ལོན་པ་དང་ཆབ་སྲིད་བཞེས།རྒྱལ་བུ་སྐུ་ནར་མ་སོན་པས། མ་ཞང་ཁྲོན་པ་སྐྱེས་ཀྱིས་བློན་པོ་ཆོས་ལ་དགའ་བ་རྣམས་ལ་སྐྱོན་ཕབ། ལྷ་སའི་ཇོ་བོ་རིན་པོ་ཆེ་མང་ཡུལ་གྱི་རོང་དུ་སྐྱེལ་བ་ལ་སོགས་པ་ཁྲིམས་བུ་ཆུང་བཅས་ནས་ཆོས་བཤིགདེ་ནས་རྒྱལ་པོ་སྐུ་ནར་སོན་ནས། ཆོས་བློན་འགོས་དང་བཀའ་གྲོས་བྱས་ཏེ་མ་ཞང་ལ་སྐྱོན་ཕབ། ཐོག་མ་ཉིད་དུ་ཇོ་བོ་མང་ཡུལ་ནས་ཤིང་རྟ་ལ་བྱས་ཏེ་བྱང་ལམ་ལ་གདན་དྲངས་ཤིང་། བསུ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པས་བསུས་ཏེ། ར་སའི་གཙང་ཁང་དབུས་མར་བཞུགས་སུ་གསོལ། མཁན་པོ་བོངྷི་ས་ཏྭ་དང་། སློབ་དཔོན་པདྨ་འབྱུང་གནས་གདན་དྲངས། བོད་ཀྱི་བསྟན་མ་བཅུ་གཉིས་ལ་སོགས་པ་འདྲེ་སྲིན་གདུག་པ་ཅན་རྣམས་གཟིར་ནས་མངའ་འོག་ཏུ་བཅུགདུས་དེར་ཁ་ཆེ་སྐྱེས་བཟངས་ཀྱི་བུ་ཨ་ནན་ཏ་ཞེས་བྱ་བ་དེ་ལྷ་ས་དར་འབག་རྒུང་གསེབ་ཀྱི་ཚོང་འདུས་ན་ཚོང་བྱེད་ཅིང་འདུག་པ་དེ་བོས་ནས་ལོ་ཙྪ་བྱས། ཆོས་དང་བོན་གཉིས་རྩོད་པ་འགྲན་པས། བོན་ཁུངས་ངན་པས་བསྣུབས་ཏེ། བོན་གྱི་ཡི་གེ་མང་པོ་ཆུ་ལ་བསྐྱུར།ལ་ལ་བྲག་དམར་ལ་སོགས་པར་གཏེར་དུ་སྦས་ཏེ། འཕྲལ་གྱི་རྐྱེན་བཟློག་ཙམ་ལས་བྱ་བར་མ་གནང་། དེ་ལྟར་དཀའ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་